དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

    གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་ནས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ནུས་ལྡན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-01

    སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་བཅའ་སྡོད་བྱས་ཚུན། “དུས་རབས་ཀྱི་གདོང་ལེན་པ། ཡིད་དབང་འཕྲོག་པའི་སྤུ་ཧྲེང”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁྲིད་སྟོན་དུ་བྱེད་པ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། མཐའ་སྲུང་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས་འཁོར་ཆགས་གྲོང་ཚོ་འདི་ཉིད་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྟོབས་དང་ལྡན་པ་དང་། གྲོང་གསེབ་དར་རྒྱས་ལག་བསྟར། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་གདོང་ལེན་དམག་དཔུང་དང་དམག་འཐབ་བཙན་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་བསྐྲུན་པ་རེད།

    གཞི་རིམ་ཏང་འཛུགས་སྐྱོང་གི་གསར་གཏོད་དེ་དམ་འཛིན་བྱ་གཞིར་བྱས་ནས“ལྷག་བསམ་ཟོལ་མེད་ཀྱི་ཁས་ལེན། བདེ་སྐྱིད་ལྡན་པའི་འཁོར་ཆགས”ཞེས་པའི་གྲོང་ཚོ་རིམ་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་རྩ་འཛུགས་འཚོ་བའི་ལམ་ལུགས་དོན་འཁྱོལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི“2+1”མཉམ་འབྲེལ་འཛུགས་སྐྱོང་བྱེད་སྒོར་སྐུལ་འདེད་གཏོང་བ། ཏང་ཚོགས་ཆུང་4ལེགས་སྒྲིག་རིམ་སྤོར་བྱེད་པ། གཟའ་མིག་དམར་གྱི་གཅིག་སྡུད་སློབ་སྦྱོང་དང་གཞུང་ལས་ཀྱི་ལམ་ལུགས་དོན་འཁྱོལ་བཅས་བྱས་པ་རེད།

    གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་དམ་འཛིན་བྱ་གཞིར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“དམག་འཐབ་དཔུང་སྡེ”དང“སྟོབས་གསར་དམག”གི་ནུས་པ་གང་ལེགས་བཏོན་ཏེ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བསམ་ཕྱོགས་གསེད་དཀྲོལ་དང་། འཆར་འགོད་གཏན་འཁེལ། རྣམ་གྲངས་བརྩོན་ལེན་བཅས་བྱས་པ་རེད། རྨང་བརྟན་དམངས་ཕན་གྱི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་སྒོར་ཁྲི་11.9བཏང་སྟེ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ཞིང་པའི་ཨར་སྐྲུན་ཆེད་ལས་མཉམ་ལས་ཁང་ལ་རླངས་འཁོར་འཇོག་ཁང་ཞིག་སྐྲུན་རོགས་བྱས་པ་དང་། གྲོང་ཚོའི་བུད་མེད་མཉམ་ལས་ཁང་ལ་རིན་པ་མི་དགོས་པར་པད་ཁའི་སྣུམ་གྱི་ལན་པར་ཇུས་འགོད་བྱས་པ། གྲོང་མི་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་པ། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་འགྱུར་འབབ་འཕར་ཡོང་བའི་རུ་ཁག་བཙུགས་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས“མཉམ་ལྔ་བརྟན་ལྔའི”བྱེད་སྒོ་སྲ་བརྟན་དུ་གཏོང་རྒྱུ་དེ་གོ་སྐབས་སུ་བྱས་ནས་དམག་དཔུང་དང་ས་གནས་ཀྱི་འཕྲལ་སྡོམ་དང་ལེན་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། དུས་བཀག་ལྟར་འབྲེལ་གཏུག་ལམ་སྲོལ་གྱི་གྲོས་བསྡུར་ཚོགས་འདུ་འཚོགས་པ། མཐའ་མཚམས་གྲོང་ཚོ་བཅོས་སྐྱོང་གི་མཐུན་སྦྱོར་ལམ་ལུགས་དང་དམག་དཔུང་དང་ས་གནས་མཉམ་འབྲེལ་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་རེས་ལས་སྒྲུབ་ལམ་ལུགས་བཙུགས་པ། “དོ་དམ་བྱེད་ཁོངས་འབྲེལ་མཐུད་དང་། གྲོང་ཚོས་ཡུག་འབྲེལ་ཚོད་འཛིན། རྒྱུན་མཐུད་འབྲེལ་མཐུད”བཅས་ཀྱི་དོ་དམ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། “གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ་བྱེད་སྟངས་དང“2+1”བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བཅས་རེད། ཐོན་ཁུངས་སྤྱི་འདོམས་དང་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་འཁོར་ཆགས་མཐའ་མཚམས་མངགས་གཏོང་ཁང་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་། ཡུལ་དམག ཏང་ཡོན་རྐང་འཛིན་པ་བཅས་གཙོ་བོར་བྱས་པའི་འཕྲལ་སྡོམ་འཕྲལ་རྒོལ་རུ་ཁག(དམངས་ཕན་ཞབས་ཞུ་རུ་ཁག)ཅིག་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།