དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན།

    གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་སྐྲུན་དགོས།

    ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-01

    ཟླ་4ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཞུས་ཧུའེ་ཆུས་སུ་གནས་པའི་ཧྲང་ཧའེ“དཔེ་དབྱིབས་མྱུར་གྲུབ་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་མི་ཐབས་རིག་ནུས་ཐོན་རྫས་ཉམས་ལེན་ཚོང་ཁང་དུ་གཟིགས་ཞིབ་གནང་བཞིན་པ།

    ཟླ་4ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཞུས་ཧུའེ་ཆུས་སུ་གནས་པའི་ཧྲང་ཧའེ“དཔེ་དབྱིབས་མྱུར་གྲུབ་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ“མི་རབས་རྗེས་མའི་རིག་ནུས་སྒྲིག་གཞིའི་རང་བརྟེན་འཕེལ་འགྱུར”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་བཞིན་པའི་གཞོན་ནུ་གསར་གཏོད་ཤེས་ལྡན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་གནང་སྐབས། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གྱི་ལོ་རྒྱུས་འགན་འཁྲི་འཁུར་བཞིན་ཡོད་པས། གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་འགོ་རྩོམ་པའི་བྱེད་ནུས་དང་རྩེར་སོན་ཐོན་ལས་ཀྱི་ཁྲིད་སྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་29ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་ཧྲི་ཀྲང་ཀུང་ཀྲེང་གི་ཕེབས་རོགས་འོག་ཞུས་ཧུའེ་ཆུས་སུ་གནས་པའི་ཧྲང་ཧའེ་ཡི“དཔེ་དབྱིབས་མྱུར་གྲུབ་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    “དཔེ་དབྱིབས་མྱུར་གྲུབ་བར་མཐོངས”ནི་ཧྲང་ཧའེ་གྲོང་ཁྱེར་གྱིས་བཟོས་པའི་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་ཆེད་ལས་སྐྱོང་གསོ་དང་མྱུར་གཏོང་ལས་སྟེགས་ཤིག་ཡིན་པ་དང་། ཁེ་ལས་100ལྷག་ཙམ་བཅའ་སྡོད་བྱས་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ཏེ་བརྙན་ཐུང་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། གཙོ་གནད་སྐྱོང་གསོ་ཁེ་ལས་ཀྱི་དཔེ་དབྱིབས་ཆེན་པོའི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ། འབྲེལ་ཡོད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡིས་མི་ཐབས་རིག་ནུས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཐོབ་པའི་ཕན་འབྲས་དངོས་ལ་ཁས་ལེན་གནང་ཞིང་། ཁོང་གིས། མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་རིམ་འཇུག་བྱས་ཏེ། འཕེལ་རྒྱས་ཤུགས་ཆེན་ཕྱིན་པའི་རྣམ་པ་ཐོན་པས། ཧྲང་ཧའེ་ཡིས་དཔེ་དབྱིབས་ཆེན་པོའི་ཐོན་ལས་ཀྱི་སྐྱེ་ཁམས་མ་ལག་ལ་བརྟེན་ནས་མི་ཐབས་རིག་ནུས་ཐོན་ལས་སྐྱོང་གསོ་བྱེད་པ་སོགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ཏེ་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ཕྱོགས་གང་ཅིའི་ཐད་མདུན་གྲལ་དུ་བསྐྱོད་ནས་དཔེ་སྟོན་གྱི་ཕན་འབྲས་ཐོན་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    “དཔེ་དབྱིབས་མྱུར་གྲུབ་བར་མཐོངས”ཀྱི་ཐོག་སོ་གསུམ་པར“མི་རབས་རྗེས་མའི་རིག་ནུས་སྒྲིག་གཞིའི་རང་བརྟེན་འཕེལ་འགྱུར”བརྗོད་དོན་གཙོ་བོར་བྱས་པའི་སྤྲོ་གླེང་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་པ་རེད། ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོས་དེའི་ནང་ཞུགས་ནས་ས་གནས་ས་ཐོག་གི་གཞོན་ནུ་གསར་གཏོད་ཤེས་ལྡན་པ་རྣམས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་ཀྱི་ཚོགས་པས་མི་ཐབས་རིག་ནུས་ལག་རྩལ་ཞིབ་འཇུག་དང་ཐོན་ལས་བཀོལ་སྤྱོད་བྱས་པའི་གྲུབ་འབྲས་ཀྱི་མྱོང་ཚོར་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་མི་ཐབས་རིག་ནུས་ནི་གསར་དར་གྱི་བྱ་གཞག་ཡིན་ལ་གཞོན་ནུ་ཚོའི་བྱ་གཞག་ཀྱང་ཡིན། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། དེ་ནི་གཞོན་རབས་ཚོས་འཇོན་ཐང་ངོམ་པའི་དུས་བཟང་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པར་གཞོན་ནུ་ཚོར་རེ་བ་བཅོལ་ཡོད། ཚང་མས་རྒྱལ་གཅེས་ཀྱི་བསམ་པ་འཆང་བ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུན་པ་འཆང་བ། རྒྱལ་ཁབ་སྟོབས་ཆེན་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། མི་སྒེར་གྱི་འབད་འཐབ་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་དམ་ཟབ་བྱས་ཏེ། ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ལེགས་པར་འཛིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གར་སྟེགས་ཡངས་པོའི་ཐོག་བཀྲག་མདངས་འཚེར་བའི་ལང་ཚོ་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    དེ་རྗེས་ཞི་ཅིན་ཕིང་མི་ཐབས་་རིག་ནུས་ཐོན་རྫས་ཉམས་ལེན་ཁང་དུ་ཕེབས་ཤིང་། ཟོག་སྒྲོམ་ཐོག་རིག་ནུས་མིག་ཤེལ་དང་། རིག་ནུས་བྱིས་པའི་རྩེད་ཆས། རིག་ནུས་རོལ་ཆ་སོགས་གསར་གཏོད་ཐོན་རྫས་སྣ་མིན་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད། ཞི་ཅིན་ཕིང་གིས་ཐོན་རྫས་ཀྱི་ཕན་ནུས་དང་ཁྲོམ་རའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ཐུགས་སྣང་གཤིན་པོས་རིག་ནུས་སྤྱན་ཤེལ་བཞེས་ནས་དངོས་སུ་ཉམས་ལེན་གནང་བ་རེད། ཁོང་གིས་རང་རྒྱལ་གྱི་གྲངས་གཞིའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཐོན་ལས་མ་ལག་འཐུས་སྒོ་ཚང་བ། ཁྲོམ་རའི་བར་མཐོངས་ཆེ་བ། མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་མདུན་ལམ་ཆེ་བ་བཅས་ཡོད་པས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་དང་བློས་འགེལ་ཆོག་པའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་གསར་སྤེལ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    དེ་ནས་ཞལ་གྱེས་སྐབས་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་ཚན་ཞིབ་པ་དང་ཁེ་ལས་ཀྱི་ལས་མིས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ནས་ཁོང་སླར་ཡང་ཕེབས་རྒྱུའི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ལྔ་གཅིག་ངལ་རྩོལ་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། ཚང་མས་རྒྱུན་ཆད་མེད་པར་ལས་རྗེས་གསར་པ་འཇོག་པ་དང་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྐུལ་ལྕག་ཀྱང་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།