དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་འཕར་བ།

    ལོ་གོང་མའི་དུས་ཚིགས་གསུམ་པ་ནས་བཟུང་རྒྱུན་མཐུད་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-30

    ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ལོ་གོང་མའི་ལོ་ཧྲིལ་པོར་དུས་མཚུངས་ལས་3.3%ཆག་པ་ནས་0.8%འཕར་ཏེ། ལོ་གོང་མའི་དུས་ཚིགས་གསུམ་པ་ནས་བཟུང་ཁེ་ལས་ཀྱི་རིམ་རྩིས་ཁེ་སྤོགས་རྒྱུན་མཐུད་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད། ཟླ་3པར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཟླ་དང་པོ་ནས་གཉིས་པའི་བར་0.3%ཆག་པ་ནས་2.6%འཕར་བའི་བར་འགྱུར་ལྡོག་བྱུང་བ་དང་། ཁེ་ལས་ཀྱི་ཟླ་དེའི་ཁེ་སྤོགས་ཅུང་ལེགས་སུ་ཕྱིན་ཡོད།

    བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་འཕར་ཚད་རྒྱུན་མཐུད་མགྱོགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་3.4%འཕར་བ་དང་འཕར་ཚད་ཟླ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་0.6གིས་མགྱོགས་སུ་ཕྱིན་པ་དང་། ཟླ་3པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་4.2%འཕར་བ་དེ་ཟླ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་1.4ཡིས་མགྱོགས་སུ་ཕྱིན་ཡོད། བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་རིམ་རྩིས་བརྒྱབ་ན་འཕར་ཚད་ལོ་གོང་མའི་ཟླ་12པའི་ཚུན་རྒྱུན་མཐུད་མགྱོགས་སུ་ཕྱིན་ནས་ཁེ་ལས་ཀྱི་ཁེ་སྤོགས་སླར་གསོ་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།

    ལས་རིགས་བཅུ་ཆ་དྲུག་ཙམ་གྱི་ཁེ་སྤོགས་འཕར་བའི་ནང་བཟོ་སྐྲུན་ལས་རིགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོའི་བཟོ་ལས་ལས་རིགས་ཆེ་གྲས་41ཁྲོད་ལས་རིགས་24ཡི་ཁེ་སྤོགས་དུས་མཚུངས་ལས་འཕར་བ་དང་འཕར་ཚད་བཅུ་ཆ་དྲུག་ཙམ་ཟིན་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དུས་ཚིགས་དང་པོར་ཁེ་སྤོགས་7.6%འཕར་ནས་བརྒྱ་ཆའི་གྲངས་2.8མགྱོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།