ཀྲེ་ཅང་ཁྲང་ཤིང་དུ་ཆུ་མོ་དྭངས་ལ་ཆུ་ངོགས་ཀྱི་སྐྱེ་ཁམས་མཛེས་སྡུག་ལྡན་པ།
ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིང་རྫོང་གིས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ས་གནས་དེ་གའི་ཆུ་མོ་དྭངས་ལ་ཆུ་ངོགས་ཀྱི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱས་ཡོད། འདི་ནི་ཁྲང་ཤིང་རྫོང་ཧོ་ཕིན་གྲོང་རྡལ་ཐའོ་ཤིས་གྲུ་ལམ་རྒྱུད་ཀྱི་ཆུ་མོ་དྭངས་ལ་ཆུ་ངོགས་ཀྱི་ལྗོན་ཤིང་སྔོ་ཐིང་ངེར་འགྱུར་པའི་རྣམ་པ་ཡིན་པ།