དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་དུས་ཚིགས་དང་པོར་ཅང་སུའུ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་118ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-30

    ཅང་སུའུ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོའི་ཟླ་1པོ་ནས་3པ་བར་ཞིང་ཆེན་ཡོངས་ཀྱི་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་རིམ་རྩིས་བྱས་ན་མི་ཐེངས་ཁྲི་118.6ཟིན་ཞིང་། དེའི་ནང་ཡུལ་སྐོར་བ་ཁྲི་98.3ཟིན་པ་དེ་དུས་མཚུངས་ལས་9.4%དང་10.5%སོ་སོར་འཕར་བ་དང་། རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་གནམ་གྲུ(གྲུ་གཟིངས)ཐེངས་ཁྲི་1.5ལས་བརྒལ་བ་དེ་དུས་མཚུངས་ལས་8.6%འཕར་ཡོད། དེའི་ནང་ཐོངས་མཆན་འགོད་མི་དགོས་པར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་2.7ཟིན་པ་དེ་དུས་མཚུངས་ལས་ལྡབ་5ཙམ་འཕར་ནས་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་བསྡོམས་འབོར་གྱི་བཅུ་ཆ་བདུན་ཟིན་ཡོད། འདི་ནི་ཡུལ་སྐོར་བ་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲུ་ཁའི་རྒྱལ་སྤྱིའི་འགྲུལ་སྐྱེལ་གྲུ་ཁར་གོ་རིམ་ལྡན་པའི་ངང་ཀྲུང་ཧན་གྲུ་གཟིངས་ནང་འཛུལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།