ཀྲེ་ཅང་དབྱི་ཝུའུ་རུ་ཕྱི་རྒྱལ་གྱི་ཚོང་པས་ཉོ་སྒྲུབ་ལ་བྲེལ།
ཟླ་4ཚེས་27ནས་29ཉིན་བར། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་ཀྱིས་དར་སྲོལ་རྒྱན་ཆ་བཟོ་གྲྭའི་འགྲེམས་སྟོན་དང་། རྒྱལ་སྤྱིའི་ཁབ་བསླས་མཁོ་སྤྲོད་འཁོར་འབྲེལ་འགྲེམས་སྟོན། འཛད་སྤྱོད་གློག་རྡུལ་དང་གློག་ཆས་འགྲེམས་སྟོན། ཉི་ནུས་འོད་ཤུགས་འགྲེམས་སྟོན་བཅས་ཚུད་པའི་འགྲེམས་སྟོན་ཁག་4བྱས་པར། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་རྣམས་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་ཕྱི་རྒྱལ་གྱི་ཚོང་པས་2025ལོའི་ཕྱི་རྒྱལ་གྱི་འཛད་སྤྱོད་པས་འབྲེལ་མཐུད་ཚོགས་འདུའི་ཐོག་ཉོ་སྒྲུབ་ལས་སྒོའི་སྐོར་བགྲོ་གླེང་བྱེད་བཞིན་པ།