ཀྲུང་གོའི་དཔེ་སྐྲུན་ལས་རིགས་ཀྱིས་དཔེ་དེབ་རྩེ་གྲ་མང་པོ་ཨབ་ཀྲ་པེའི་དཔེ་དེབ་འགྲེམས་ཚོགས་ལ་བཏོན་པ།
ཚེས་27ཉིན། ཀྲུང་གོའི་དཔེ་སྐྲུན་ལས་རིགས་ཀྱི་འཐུས་མི་ཚོགས་པས་ཨབ་ཀྲ་པེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་སྐབས་34པའི་ཐོག་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་སྐབས་འདིའི་དཔེ་དེབ་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད། ཨབ་ཀྲ་པེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ནི་ཨེ་ཤེ་ཡ་ནུབ་མ་དང་བྱང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ཀྱི་གྲས་ཤིག་རེད། འདི་ནི་ཚོགས་ཞུགས་མི་སྣ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བའི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གསོ་དཔེ་སྐྲུན་སྤེལ་རེས་ཚོགས་འདུར་ཞུགས་བཞིན་པ།