མཚོ་སྔོན་མཚོ་ནུབ་ཀྲོའུ་རུ་ཅཱ་ལུད་ཐོན་ལས་ཀྱིས་དཔྱིད་རྨོད་ལ་རམ་འདེགས་བྱེད་པ།
མིག་སྔར་ཚྭ་འདམ་གཤོངས་སར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཅཱ་ལུད་ཐོན་སྐྱེད་ཁེ་ལས་ཁག་གིས་ནུས་ཤུགས་ཡོད་རྒུས་ས་གནས་ཁག་གི་ཞིང་ལུད་ཀྱི་དགོས་མཁོ་འགན་ལེན་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་ཅཱ་ལུད་ཐོན་ཁུལ་ཆེ་ཤོས་མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་གཞོལ་ནས། ཚྭ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། 2024ལོར་མཚོ་སྔོན་གྱི་ཅཱ་ལུད་ཐོན་ཚད་ཏུན་ཁྲི་749ཟིན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ལ་ལེགས་སྐྱེས་ཕུལ་ཡོད། འདི་ནི་མཚོ་ནུབ་ཀྲོའུ་མང་ནེ་གྲོང་ཁྱེར་གྱི་ཅཱ་ལུད་ཐོན་སྐྱེད་ཁེ་ལས་ཤིག་གིས་སྔོག་འདོན་བྱས་པའི་ཚྭ་ཧྲོབ་ལས་སྣོན་འཁོར་ཁང་དུ་དབོར་བཞིན་པ།