དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་2025ལོའི“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་ཆབ་མདོར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-30

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་གཙོ་གཉེར་བྱས་པའི“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་བཀའ་དྲིན་དྲན། མུ་མཐུད་འབད་འཐབ་བྱེད——ཚན་རྩལ་གཤམ་སྤེལ་དང་ཞིང་གསུམ་ཞབས་ཞུ”བརྗོད་དོན་གཙོ་བོར་བྱེད་པའི“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་སྤེལ་བ་རེད།

    ད་ཐེངས“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་སྤེལ་ཡུན་ཉིན་3ཡིན་ཞིང་། དེའི་རིང་དཔའ་ཤོད་རྫོང་གིས་རྣམ་པ་སྣ་ཚོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། དེའི་ནང་ཚན་རིག་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན་དང་། ཚན་རྩལ་གྲུབ་འབྲས་འགྲེམས་སྟོན། སྨན་བཅོས་དང་འོས་འགན་སྨན་བཅོས། ཞིང་འབྲོག་པའི་བཀོལ་སྤྱོད་ལག་རྩལ་གསོ་སྦྱོང་། བཅའ་ཁྲིམས་ཁྲིམས་སྲོལ་དང་དམངས་ཕྱུག་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་སོགས་ཚུད་ཡོད། བྱེད་སྒོའི་རིང་ཚན་རིག་ཤེས་བྱ་དང་། ཚན་རྩལ་གྲུབ་འབྲས། ཞིང་ལས་ལག་རྩལ་བཅས་གཞི་རིམ་མང་ཚོགས་ཁྲོད་དུ་ཁྱབ་གདལ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།