དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་ཁག་དང་པོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-30

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེའི་ཚན་པ་53ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་ཁག་དང་པོའི་མིང་ཐོར་ཚུད་དེ། ཞིང་ཆེན་དེའི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ལག་ལེན་ལས་སྟེགས་གལ་ཆེན་དུ་གྱུར་ཡོད། ད་ཐེངས་ཀྱི་བྱ་སྤྱོད་དེ་ནི་ཚན་རིག་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། སློབ་གྲྭའི་ཕྱི་ནང་མཉམ་ལས་དང་ལག་ལེན་རྟེན་གཞི་དང་སློབ་གྲྭ་ཟུང་འབྲེལ་བརྒྱུད། “ས་ཁོངས་ཡོངས་སུ་ཚན་རིག་ཁྱབ་གདལ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་ལག་ལེན་བསྟར་བ། མི་ཚང་མ་མཉམ་དུ་ཞུགས་པ”བཅས་ཀྱི་ཚན་རིག་སློབ་གསོའི་རྣམ་པ་གསར་པ་ཞིག་བསྐྲུན་ནས། ཚན་རིག་སློབ་གསོར་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཡོད།

    སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་ཚན་རིག་སློབ་གསོའི་ལག་ལེན་རྟེན་གཞི་ཁག་དང་པོར་རང་བྱུང་ཚན་རིག་དང་། བཟོ་སྐྲུན་ལག་རྩལ། དེང་རབས་ཞིང་འབྲོག་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོ་ཞིག་དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཁང་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་། དེང་རབས་ཞིང་ལས་དཔེ་སྟོན་གླིང་། སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལག་ལེན་ལྟེ་གནས་སོགས་རིགས་མང་པོ་ཚུད་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་རིག་ཚན་ཕན་ཚུན་སྤེལ་རེས་ཀྱི་ལག་ལེན་དྲ་རྒྱ་ཆགས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཐག་ཉེ་ས་ནས་རྩེར་སོན་ཚན་རྩལ་ཤེས་རྟོགས་དང་རང་བྱུང་ཁམས་ཀྱི་དཔོག་དཀའ་བའི་གསང་བ་རྒྱུས་ལོན་བྱེད་པར་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།