དབུ་ཤོག
  • “གསོ་སྦྱོང་ལ་ཁ་གཡར་ནས་ཐོན་རྫས་འཚོང་ཐབས་བྱེད་པར”དོགས་ཟོན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

    རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་མེ་ཟོན་བདེ་འཇགས་རིགས་ཀྱི་གསོ་སྦྱོང་ལ་སློབ་ཡོན་བསྡུ་གི་མེད་ལ། དེ་བས་ཀྱང་དམིགས་འཛུགས་སམ་ཡང་ན་ངོ་བོ་བསྒྱུར་ནས་དམིགས་འཛུགས་ཀྱི་འབྲེལ་ཡོད་ཀྱི་ཐོན་རྫས་ཉོ་རུ་འཇུག་གི་མེད། གལ་སྲིད་མི་ལ་ལས་མེ་ཟོན་གྱི་མིང་ཐོག་ནས་གསོ་སྦྱོང་གི་སློབ་ཡོན་བསྡུས་པ་དང་། ཐོན་རྫས་སྣ་ཚོགས་འཚོང་བའམ་ཡང་ན་མེ་ཟོན་རོགས་སྐྱོབ་ཀྱི་རུ་མི་ཡིན་ཁུལ་བྱས་ནས་མགོ་སྐོར་བསླུ་བྲིད་གཏོང་བ་ཤེས་ཚེ་འཕྲལ་མར་དཔང་རྟགས་ཁྱེར་ནས་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས། གལ་སྲིད་རང་ཉིད་ཀྱིས་ཕ་རོལ་པོ་མགོ་སྐོར་གཏོང་མཁན་ཡིན་མིན་གསལ་པོ་མ་ཤེས་ཚེ། ས་གནས་ཀྱི་མེ་ཟོན་སྡེ་ཚན་ལ་འབྲེལ་བ་བྱས་ནས་གཏན་འཁེལ་བྱས་ན་ཆོག མགོ་སྐོར་གཏོང་མཁན་ལ་བསླུ་བྲིད་ཀྱི་ཐབས་ལམ་འདྲ་མིན་སྣ་ཚོགས་ཡོད་པས་ཚང་མས་ངེས་པར་དུ་དོགས་ཟོན་ཆེར་སྐྱེད་ཀྱིས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས། གཤམ་དུ་ཚང་མས་མགོ་སྐོར་གཏོང་ཐབས་ཆེན་པོ་བརྒྱད་ལ་རྒྱུས་མངའ་ལོན་པ་བྱེད་དགོས།

    གཅིག ཐོན་རྫས་སྤུས་ཞན་གོང་མཐོ་པོས་འཚོང་བ།

    ཁྲིམས་འགལ་བས་མེ་ཟོན་སྐོར་གྱི་དཔེ་དེབ་དང་། པར་རིས། སྒྲ་བརྙན་ཐོན་རྫས་སོགས་སྣ་ཚོགས་རྫུན་མ་དཔར་བ་དང་། ཁོ་ཚོས་འབྲེལ་གཏུག་བྱེད་མཁན་བཙལ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བཏང་སྟེ་མགོ་སྐོར་བསླུ་བྲིད་ཀྱི་ཐོན་རྫས་སྤུས་ཞན་དག་གོང་མཐོ་པོས་འཚོང་གི་ཡོད།

    གཉིས། ཞིབ་བཤེར་མཁན་ཡིན་ཁུལ་བྱས་ནས་དངུལ་ཆད་གཅོད་པ།

    མེ་ཟོན་གྱི་ཆེད་ལས་བརྡ་ཆད་སྦྱངས་ཏེ་བློས་འཁེལ་པོ་ཡོད་ཁུལ་དང་ངོ་མ་ཡིན་ཁུལ་གྱིས་ལག་ཁྱེར་རྫུན་མ་དང་ཡིག་ཆ་རྫུན་མ་ཁྱེར་ཏེ། ཁྲིམས་སྒྱུར་བར་བརྫུས་ནས་ཚན་པའམ་བྱེད་སྒོ་སྤེལ་ཡུལ་དུ་བཙན་ཤེད་ཀྱིས་ཞིབ་བཤེར་བྱེད་པ་དང་། དེ་ནས་བྱེད་སྒོ་སྤེལ་ཡུལ་ལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་ལུགས་བཤད་དེ“དངུལ་ཆད་ཆེན་པོ”གཅོད་པ་དང་། དངུལ་ཆད་རག་རྗེས་འཕྲལ་མར་བརླག་འགྲོ་གི་ཡོད།

    གསུམ། སྒོ་རྩར་ཞིབ་བཤེར་བྱེད་ཁུལ་བྱས་ནས་བཙན་ཤེད་ཀྱིས་ཉོ་རུ་འཇུག་པ།

    ཁྲིམས་འགལ་བ་མི་ཉུང་བས་མེ་ཟོན་སྡེ་ཚན་གྱི་ལས་དོན་པ་ཡིན་ཁུལ་གྱིས་ཚན་པ་ཁག་ཏུ་ཡོང་ནས་མེ་ཟོན་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱས་འབྲས་ཚང་མ་མེ་གསོད་ཡོ་བྱད་དང་། དུ་ཚོར་ཉེན་གཏོང་ཡོ་བྱད་སོགས་མེ་ཟོན་གྱི་སྒྲིག་ཆས་ཆ་མི་ཚང་བའམ་ཡང་ན་སྐྱོན་ཤོར་བར་བསྙད་དེ་ཚད་གཞི་མ་ལོངས་པའི་མེ་ཟོན་ཐོན་རྫས་བཙོངས་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད།

    བཞི། བརྡ་ཐོ་བཏང་ནས་གསོ་སྦྱོང་གི་སློབ་ཡོན་མགོ་སྐོར་གཏོང་བ།

    བརྙན་སྐྱེལ་གྱི་ཐོག་ནས་ཚན་པར་མེ་ཟོན་སྡེ་ཚན་གྱི་གཞུང་ཐམ་འདྲ་པོ་བརྒྱབ་ནས“ཛ་དྲག་བརྡ་ཐོའི”ཡིག་ཆ་བསྐུར་ནས། ཁེ་ལས་དང་ཚན་པར“མེ་ཟོན་བདེ་འཇགས་སྲོལ་ཡིག”གསར་པའི་གསོ་སྦྱོང་བྱ་རྒྱུ་དང་། གསོ་སྦྱོང་གི་སློབ་ཡོན་མི་སྒེར་གྱི་དངུལ་ཁང་རྩིས་ཁྲར་བསྒྱུར་དགོས་པའི་རེ་བ་འདོན་གྱི་ཡོད།

    ལྔ། “གཏའ་དངུལ”བསྡུས་ནས་དངུལ་ཕྱིར་སློག་རྒྱུའི་ཁས་ལེན་པ།

    “མེ་ཟོན་བདེ་འཇགས་ཀྱི་མེ་ཟོན་གྱང”སོགས་ཀྱི་མིང་ཁྱེར་ནས་གང་སར“གཏའ་དངུལ”བསྡུས་ཏེ་དུས་ཚོད་ངེས་ཅན་ནང་མེ་ཟོན་བདེ་འཇགས་ཀྱི་ལས་འཛོལ་ཐོན་མེད་ཚེ་དངུལ་ཚང་མ་ཕྱིར་སློག་རྒྱུ་ཡིན་ཁུལ་བརྗོད་ཀྱི་ཡོད།

    དྲུག རིན་མེད་གསོ་སྦྱོང་བྱས་ནས་མེ་ཟོན་ཡོ་བྱད་འཚོང་བ།

    “མེ་འགོག་ལྟེ་གནས”དང“མེ་ཟོན་དྲིལ་བསྒྲགས་ལྟེ་གནས”སོགས་ཀྱི་མིང་ཁྱེར་ནས་རང་འགུལ་ངང་ཚན་པ་དང་འབྲེལ་གཏུག་བྱས་ཏེ་མེ་ཟོན་ཤེས་བྱ་རིན་མེད་ངང་སློབ་ཁྲིད་བྱེད་པ་དང་། སློབ་ཚན་མཇུག་འགྲིལ་རྗེས་མེ་གསོད་ཡོ་བྱད་དང་། དུ་འགོག་ངོ་ཁེབས། སྲོག་སྐྱོབ་ཐག་པ་སོགས་ཀྱི་མེ་ཟོན་ཡོ་བྱད་རྫུན་ལྷད་ཞན་གསུམ་གོང་མཐོ་པོས་འཚོང་གི་ཡོད།

    བདུན། “བདེ་ཆས་གྱོན་པའི་ཉེན་རྟོག་པས”ཁྱིམ་དུ་ཡོང་ནས་འཇིགས་སྐུལ་བྱེད་པ།

    ཁྲིམས་འགལ་བས་གོང་རིམ་མེ་ཟོན་ཁྲིམས་སྒྱུར་མི་སྣ་དང་བདེ་ཆས་གྱོན་པའི་ཉེན་རྟོག་པ་ཡིན་ཁུལ་གྱིས་འཇིགས་སྐུལ་དང་ཐེར་འདོན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མེ་ཟོན་ཐོན་རྫས་ཉོ་རུ་བཅུག་སྟེ། མེ་ཟོན་ལས་གྲྭ་འགན་གཙང་ལེན་གྱི་ཡོད།

    བརྒྱད། ཁ་པར་བརྒྱབ་ནས་འཇིགས་སྐུལ་བྱས་ཏེ་མེ་ཟོན་ཡོ་བྱད་འཚོང་བ།

    ཁྲིམས་འགལ་བས་ཁེ་ལས་ལ་ཁ་པར་བཏང་སྟེ་ཚོང་སྐུལ་བྱེད་རིང་། རང་ཉིད་མེ་ཟོན་སྡེ་ཚན་གྱི་ལས་དོན་པ་ཡིན་ལུགས་བཤད་ནས་ཁེ་ལས་དང་བྱ་གཞག་ཚན་པར་གསོ་སྦྱོང་དཔེ་དེབ་དང་མེ་ཟོན་ཡོ་བྱད་བཙན་ཤེད་ཀྱིས་འཚོང་བ་དང་། ཁེ་ལས་ཀྱིས་བསམ་འཆར་མི་མཐུན་པ་བཏོན་ཚེ། ཁོང་ཚོས་མེ་ཟོན་གྱི་ཞིབ་མཆན་འགོད་དགོས་པ་དང་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་མ་ལོན་པ་སོགས་ཀྱི་རྒྱུ་མཚན་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ་འཇིགས་སྐུལ་གྱིས་ཉོ་རུ་འཇུག་གི་ཡོད།

    (བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།