དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་ལེན་བསྟར་ཚུན་མི་ཐེངས་དུང་ཕྱུར་1.2ལྷག་ཙམ་ལ་ཕན་པ་ཐོབ་པ།

    བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་7200ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-29

    ཉེ་ཆར། གསར་འགོད་པར་ཚོང་དོན་པུས་འཚོགས་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་4ཚེས་24ཉིན་གྱི་ཆུ་ཚོད་24བར། རྒྱལ་ཡོངས་སུ་རླངས་འཁོར་རྙིང་པ་ཁྲི་270.5གསར་པར་བརྗེས་པ་དང་། རིགས་ཁག་12ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་4746.6གསར་པར་བརྗེས་པ། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཁྲི་3661བྲིན་པ། ཁྱིམ་སྤྱོད་ཐབ་ཆས་དང་གསང་སྤྱོད་དུ་སྤྱོད་ཆས་ཁྲི་3712.3གསར་པར་བརྗེས་པ། གློག་སྒུལ་རྐང་འཁོར་རྙིང་པ་ཁྲི་420གསར་པར་བརྗེས་ཡོད། སྲིད་ཇུས་ལག་བསྟར་བྱས་ཚུན། མི་ཐེངས་དུང་ཕྱུར་1.2ལྷག་ཙམ་ལ་ཕན་པ་ཐོབ་པ་དང་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་7200ལྷག་ཙམ་ཟིན་ཡོད།

    ཚོང་དོན་པུའི་འཛད་སྤྱོད་སྐུལ་སྤེལ་སིའི་སི་ཀྲང་ལི་ཀང་གིས། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག དུས་ཚིགས་དང་པོར་ཁྲོམ་རའི་བྲིན་ཚོང་འཕར་ཚད་མགྱོགས་སུ་ཕྱིན་ནས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.6%འཕར་ཏེ། ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.1གིས་མགྱོཌ་སུ་ཕྱིན་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བ་ལས་དུས་ཚིགས་དང་པོའི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྒྱ་ཆའི་གྲངས་1.6འཕར་ཏེ། དཔལ་འབྱོར་མུ་མཐུད་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུཌ་མུ་མཐུད་སྔོག་ཅིང་། འཛད་ཟོག་རྙིང་པ་གསར་པར་བརྗེ་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག དུས་ཚིཌ་དང་པོར་འཕྲིན་གཏོང་ཡོ་བྱད་དང་། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད། ཁྱིམ་ཆས་རིགས་ཀྱི་ཚོང་ཟོག་བཅས་ཀྱི་སིལ་ཚོང་བསྡོམས་འབོར་26.9%དང་། 19.3% 18.1%བཅས་སོ་སོར་འཕར་བའི་ནང་། ཟླ་3པར་28.6%དང་། 35.1% 29.5%བཅས་སོ་སོར་འཕར་ཡོད། དུས་ཚིགས་དང་པོར་རླངས་འཁོར་ཁྲི་512.7བཙོངས་ནས་6%འཕར་བའི་ནང་། ཟླ་3པར་14.4%འཕར་ཏེ། ཉེ་བའི་ལོ་10རིང་གི་དུས་མཚུངས་ཀྱི་འཕར་ཚད་མཐོ་ཤོས་བཏོད་ཡོད།

    འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་མངོན་གསལ་དོད་ཅིང་། ལག་ཐོཌ་ཁ་པར་གྱི་ཁྲོམ་རའི་འཛད་སྤྱོད་གྲུབ་ཆ་ལེགས་སུ་ཕྱིན་པ་དང་གྲངས་འཛིན་ཐོན་རྫས་གསར་པ་ཉོ་བའི་ཁ་གསབ་ཁྲོད། སྒོར་2000ནས་6000བར་གྱི་ཐོན་རྫས་ལེགས་འབྲིང་ཉོ་ཚད་ཀྱི་བསྡུར་ཚད་76%ཙམ་བཟུང་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་མགྱོཌ་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། དུས་ཚིགས་དང་པོར་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་242བྲིན་ཏེ་36.4%འཕར་ཡོད།

    ཐོན་ཁུངས་འཁོར་རྒྱུག་སྤྱོད་ཚད་དེ་བས་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་བེད་མེད་རླངས་འཁོར་ཁྲི་195.5ཚུར་བསྡུ་བྱས་ནས་58.6%འཕར་བའི་ནང་། ཟླ་2དང་ཟླ་3པར་188.2%དང་70.6%སོ་སོར་འཕར་ཡོད། མཁོ་ཚོང་སྤྱི་ཁྱབ་མཉམ་ལས་ཁང་ཁོངས་གཏོགས་ཀྱི་ལྷུ་བཤིག་ཁེ་ལས་ཀྱིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་482.5ཚད་ལྡན་ངང་ལྷུ་བཤིག་ནས་58%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།