དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོན་ལམ་གྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-29

     ཟླ་4ཚེས་26ཉིན། “ཀྲུང་གོའི་གནའ་རྫས་རྟོག་ཞིབ”རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་གཙོ་བོའི་ལས་དོན་ཚོགས་འདུ་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་ནས། ཁྲོན་ལམ་གྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད། མིག་སྔའི་བར་ཅིན་ཉིའུ་ལམ་དང་། སྨི་ཚང་ལམ། ལི་ཀྲི་ལམ། ཁྲེན་ཚང་ལམ། པའོ་ཞེ་ལམ། ཆི་ཧྲན་ལམ་བཅས་མ་ལམ་6གི་བརྟག་དཔྱད་ལས་དོན་ལེགས་གྲུབ་བྱུང་སྟེ། དུས་མཚམས་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཐོབ་པ་སྟེ། ད་ལྟའི་བར་ཁྲོན་ལམ་གྱི་ལམ་ཚད་སྤྱི་ལེ་2073ལ་བརྟག་དཔྱད་བྱས་པ་དང་། ལམ་རྒྱུད་དུ་རིགས་ཁག་གི་རིག་དངོས་གནའ་ཤུལ་1034ཡོད་པ། རིག་དངོས་གནའ་ཤུལ་297གསར་དུ་རྙེད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་གནའ་རྫས་རྟོག་ཞིབ”ཁྲོན་ལམ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྣམ་གྲངས་2024ལོའི་ཟླ་3པར་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།