དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབར་མའི་དཔོན་རིགས་ཀྱིས་བརྗོད་དོན། ཀྲུང་གོའི་རིམས་འགོག་རུ་ཁག་ནི་མན་ཏེ་ལེར་སླེབས་པའི་རྒྱལ་སྤྱིའི་རིམས་འགོག་རུ་ཁག་གཅིག་པུ་དེ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-29

    འདི་ནི་ཀྲུང་གོའི་རིམས་འགོག་རུ་ཁག་དང་འབར་མའི་འཕྲོད་བསྟེན་དཔོན་རིགས་ཀྱིས་འབར་མའི་མན་ཏེ་ལེའི་བཀོད་སྒྲིག་བྱ་ཡུལ་དུ་བརྟག་ཞིབ་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་འབར་མའི་གྲོང་ཁྱེར་མན་ཏེ་ལེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འབར་མའི་མན་ཏེ་ལེ་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་མེའོ་ཨང་གིས་འབར་མར་རོགས་སྐྱོར་བྱེད་མཁན་ཀྲུང་གོ་སྲིད་གཞུང་གི་འཕྲོད་བསྟེན་རིམས་འགོག་རུ་ཁག་དང་ཐུག་འཕྲད་བྱེད་སྐབས། ཀྲུང་གོའི་རིམས་འགོག་རུ་ཁག་ནི་འབར་མར་ས་ཡོམ་བརྒྱབ་རྗེས་མན་ཏེ་ལེ་ཞིང་ཆེན་དུ་སླེབས་པའི་རྒྱལ་སྤྱིའི་འཕྲོད་བསྟེན་རིམས་འགོག་རུ་ཁག་གཅིག་པུ་དེ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད།

    ཉེ་ཆར་འབར་མར་རོགས་སྐྱོར་བྱེད་མཁན་ཀྲུང་གོ་སྲིད་གཞུང་གི་འཕྲོད་བསྟེན་རིམས་འགོག་རུ་ཁག་དང་བཅས་པའི་མི་50ཡིས་འཕྲོད་བསྟེན་འཕྲལ་སྡོམ་དངོས་རྫས་དང་སྒྲིག་ཆས་འཁྱེར་ཏེ་ཁུན་མིང་ནས་འབར་མའི་རང་ཀོང་དུ་བསྐྱོད་དེ་ས་གནས་དེ་གར་གེགས་རྗེས་ཀྱི་འཕྲོད་བསྟེན་རིམས་འགོག་ལས་དོན་སྤེལ་རོགས་བྱས་པ་དང་། ཚེས་20ཉིན་རིམས་འགོག་རུ་ཁག་རང་ཀོང་ནས་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་མན་ཏེ་ལེ་ཞིང་ཆེན་དུ་འབྱོར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།