ཕིང་ཕང་སྤོ་ལོ་བརྒྱབ། བདེ་ཐང་སྲུང་ལ་གཞོལ།
དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་4ཚེས་27ཉིན། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2025ལོའི“ཕིང་ཕང་སྤོ་ལོ་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བ”དང“ཕིང་ཕང་སྤོ་ལོ་སྤྱི་གླིང་དུ་ཁྱབ་གདལ་གཏོང་བའི”དམངས་ཡོངས་ལུས་སྦྱོང་དང་བླངས་ཞབས་ཞུའི་བྱེད་སྒོ་ནོར་བུ་གླིང་ཁར་སྤེལ་བས་ཕིང་ཕང་སྤོ་ལོར་དགའ་པོ་བྱེད་མཁན་མང་པོ་ཞིག་དེ་གར་འགྲན་བསྡུར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ལུས་སྦྱོང་སྒྲིག་ཆས་ཀྱི་ཞན་ཆ་བསལ་ནས་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པར་གསོན་ཤུགས་གསར་པ་བསྣན་རྒྱུ་དེ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།