དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་སྲིད་གཞུང་དང་ཁེ་ལས་ཀྱི་སྤེལ་རེས་བཞུཌ་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-29

     ཉེ་ཆར། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་དུས་ཚིགས་གཉིས་པའི་སྲིད་གཞུང་དང་ཁེ་ལས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་དེའི་དམིགས་ཡུལ་ནི་སྲིད་གཞུང་དང་ཁེ་ལས་ངོ་འཕྲད་གདོང་ཐུག་ངང་སྤེལ་རེས་བྱས་པ་བརྒྱུད། ཁེ་ལས་ཀྱི་བསམ་འདུན་ཉན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་རིམ་ཁག་མ་འཇོག་སྐུལ་སྤེལ་སྡེ་ཚན་གྱིས་ཁེ་ལས་དང་ཚོང་ལས་མཐུན་ཚོགས་ཀྱིས་བཤད་པའི་ཤེས་ལྡན་པ་ནང་འདྲེན་གསོ་སྐྱོང་དང་། གཏེར་རྗས་གསར་སྤེལ། རྩིས་ཁྲའི་དངུལ་འགྱངས་ཆད། འོས་སྐུལ་འོས་དཔོད། མ་དངུལ་བསྡུ་སྒྲིལ་དང་བུན་གཡར་སོགས་གནད་དོན་20ལ་དམིགས་ནས་ས་གནས་ས་ཐོག་ཏུ་ལན་འདེབས་པ་དང་ཞིབ་ཕྲའི་ཐག་གཅོད་བྱེད་ཐབས་གྲོས་བསྡུར་བྱས་པ་རེད། བཞུགས་མོལ་ཚོགས་འདུའི་རྣམ་པ་འཁྲུག་ཆ་དོད་པ་དང་དོན་དངོས་དང་མཐུན་ལ་ཕན་ནུས་ཆེ་ཞིང་། ཁེ་ལས་ལ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་ཐོབ་པ་མ་ཟད། འཕེལ་རྒྱས་ཀྱི་གདེང་ཚོད་ཀྱང་བརྟན་དུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོ་ནས་བཟུང་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་སྲིད་གཞུང་དང་ཁེ་ལས(དུས་ཚིགས)ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་བརྒྱུད་ཁེ་ལས་དང་ཚོང་ལས་མཐུན་ཚོགས་ཀྱི་གནད་དོན་གྱི་རེ་ཞུ་ཁག་55བསྡུ་རུབ་བྱས་པར་ཁག་45ཐག་གཅོད་ནུས་ལྡན་བྱས་པ་དང་། ཁག་10ཐག་གཅོད་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།