ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།
སློབ་སྦྱོང་ལ་སྤུས་ཚད་ལྡན་པ། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། དག་ཐེར་ལ་ཕན་འབྲས་ལྡན་པ།
འདི་ག་ཚགས་པར་གྱི་གསར་འགོད་པས།
མིག་སྔར། ས་གནས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་། གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་ཧུར་ཐག་གཏོང་བ་བཅས་བྱས་ནས་སློབ་སྦྱོང་ལ་སྤུས་ཚད་ལྡན་པ། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། དག་ཐེར་ལ་ཕན་འབྲས་ལྡན་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
ཟབ་སྦྱོང་གསལ་རྟོགས་བྱས་ནས་བསམ་བློར་ཟུག་པར་བྱེད་པ།
ས་གནས་ཁག་གིས་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་ཞུན་བརྡར་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
ཧོ་ནན་ཞིང་ཨུད་ཀྱིས་གཅིག་སྡུད་རང་སྦྱོང་དང་སྤེལ་རེས་གྲོས་བསྡུར་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་དཔེ་ཀློག་འཛིན་གྲྭ་གཉེར་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཟབ་སྦྱོང་གསལ་རྟོགས་ངང་སློབ་སྦྱོང་། ལྟ་བསྡུར་ཞིབ་བཤེར་ངང་སློབ་སྦྱོང་། ཤེས་པས་ལག་ལེན་ལ་སྐུལ་འདེད་གཏོང་གིན་སློབ་སྦྱོང་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་གསར་པ་ཐེབས་པ། སྤྱོད་ཚུལ་དང་ནུས་པར་ཡར་ཐོན་གསར་པ་ཕྱིན་པ་བཅས་ཀྱི་འགན་ལེན་བྱས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
ཧྲན་ཤིས་ཞིང་ཆེན་ཅིན་ཁྲེང་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)འགོ་ཁྲིད་ཚོགས་ཆུང་གིས་སྣེ་ཁྲིད་དེ་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་གཅིག་སྡུད་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཏང་དོན་ལས་དོན་པར་རིམ་པ་དབྱེ་ནས་ཆེད་དོན་གསོ་སྦྱོང་བྱས་ཏེ《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》དེ་ཁྲུའུ་རིམ་པའི་ལས་བྱེད་པ་དང་ཁོའོ་རིམ་པའི་ལས་བྱེད་པ་སོགས་གཙོ་རྐང་འཛིན་གྲྭའི་ངེས་སྦྱོང་སློབ་ཚན་ནང་བཅུག་པ་རེད། སྐོར་སྐྱོད་ཏང་ཡོན་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་ཡོན་ལ་དམིགས་ནས་གླིང་ཁུལ་དང་། ཁང་ལས། ཚོང་སྐོར་སོགས་ཀྱི་ནུས་པ་བཏོན་ཏེ་ཐག་ཉེ་ས་དང་སྟབས་བདེ་སར་སློབ་སྦྱོང་སྒྲིག་འཛུགས་བྱས་པ་རེད།
ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་ཆེད་དོན་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་རྣམ་པ་བརྒྱུད《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》ཞིབ་ཀློག་ནན་ཏན་བྱས་པ་རེད། ན་གཞོན་ལས་བྱེད་པ་དང་གསར་དུ་གནས་སྤར་ལས་བྱེད་པ་སོགས་གཙོ་གནད་ཚོགས་སྤྱིར་མངོན་གསལ་དོད་པའི་དམ་འཛིན་ཡག་པོ་བྱས་ཏེ་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ནས་ཏང་ཡོན་ལས་བྱེད་པས“ཧར་པིན་གྱི་ཚ་རླབས”རྒྱབ་ཀྱི་ལས་བྱེད་པའི་འཇོན་ཐང་དང་སྤྱོད་ཚུལ་གྱི་འགྱུར་ལྡོག་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།
ཨན་ཧུའེ་ཞིང་ཆེན་ཤོན་ཁྲེང་གྲོང་ཁྱེར་གྱིས་ཟབ་སྦྱོང་ཞིབ་འཇུག་ལ་བརྟེན་ནས་བསམ་བློར་ཟུག་རྒྱུར་སྐུལ་འདེད་བཏང་བ་དང་ན་གཞོན་ལས་བྱེད་པའི་སློབ་སྦྱོང་སློབ་གསོར་མངོན་གསལ་དོད་པའི་དམ་འཛིན་ཡག་པོ་བྱས་ཏེ་དཔེ་ཀློག་འཛིན་གྲྭ་དང་གཞོན་ནུའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཚོགས་ཆུང་སོགས་ཀྱི་གཞི་རྟེན་སྤྱད་དེ“ཁྲིད་སྦྱོང་དང་། རང་སྦྱོང་། ཞིབ་སྦྱོང་བཅས་ཟུང་འབྲེལ”དང“ཕྱིར་སྐྱོད་པ་དང་ནང་དུ་འདྲེན་པ”སོགས་ཀྱི་བྱ་ཐབས་ཐོག་ནས་ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་བགྲོ་གླེང་དང་། དཔེ་ཀློག་མཉམ་སྤྱོད། གྱོད་དཔེ་དབྱེ་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
གནད་དོན་ཐད་ཀར་བཙལ་ནས་རྣག་ཐོག་གཙག་འཁེལ་བྱེད་པ།
ས་གནས་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་གཏིང་ཟབ་བཙལ་ཏེ་འབྱུང་རྩ་ནས་སྔོག་པ་དང་རྣག་ཐོག་གཙག་འཁེལ་ཡོང་བར་བྱས་ཡོད།
ཧྲའན་ཤིས་ཞིང་ཆེན་གྱིས་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་དག་ཐེར་མཐའ་འཁྱོངས་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་ལྟ་ཞིབ། རྩིས་བཤེར་ལྟ་སྐུལ་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ་གནས་པའི་གནད་དོན་དང་དེའི་ཞིབ་ཕྲའི་མཚོན་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱས་ནས་ཐོན་རྐྱེན་དང་གནད་འགག་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། ས་གནས་ཁག་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་མུ་མཐུད་ཟབ་ཏུ་གཏོང་བ་དང་སྒྲིག་འགལ་གྱི་བཟའ་འཐུང་སོགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།
ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་གྱིས་རང་བཤེར་དང་། མང་ཚོགས་ཀྱི་ཐེར་འདོན། ཕྱོགས་ཡོངས་ནས་གསེད་བཀྲོལ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཕྱི་ཚུལ་རིང་ལུགས་དང་སྒྲིག་འགལ་ངང་གཉེན་སྟོན་དང་འདས་འཇུག་གཉེར་བ་སོགས་ཐད་ཀྱི་གནད་དོན་བཤེར་འདོན་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ཁེ་ལས་ཀྱི་རྣམ་གྲངས་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་བསྐྱོད་ནས་བསམ་འཆར་དང་གྲོས་འགོ་ཉན་པ། “མཉམ་འདྲེས་སྨྱན་སྦྱོར་གྱི་སྲིད་དོན་འདྲི་གླེང”དང་12345ཐད་སྦྲེལ་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་བསྡུ་རུབ་བྱེད་པར་ཐབས་ལམ་ཐོགས་པ་མེད་པར་བཟོས་ཡོད།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་གྱིས“སྤྱོད་ཚུལ་ལ་བརྟག་དཔྱད”གཏིང་ཟབ་བྱས་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་འགན་མི་འཁུར་བ་དང་ལས་ཀ་མི་བྱེད་པ། སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཡོ་ཁྱད་ཡོད་པ། ཡིག་སྲོལ་དང་ཚོགས་སྲོལ་དོན་དངོས་དང་མི་མཐུན་པ་སོགས་ཀྱི་གནས་ཚུལ་རིགས་28ལ་ཞིབ་བསྡུར་བྱས་ཏེ་དོན་ཚན་རེ་རེ་བཞིན་ལ་གྲལ་བཤེར་དང་ཞིབ་ཐོ་བཟོ་རྒྱུར་སྐུལ་འདེད་བཏང་བ་རེད། གྲོང་ཁྱེར་རིམ་པས་བཤེར་འདོན་བྱས་པའི་དོན་ཚན་10ཡི་གནད་དོན་25ལ་དམིགས་ནས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་སྣེ་ཁྲིད་དེ་འགན་འཁྲི་དང་། དམིགས་ཚད། བྱ་ཐབས། དུས་བཀག་བཅས་གཏན་འཁེལ་བྱས་ཏེ་དངོས་འབྲེལ་ཞིབ་བཤེར་དང་དག་ཐེར་ངོ་མ་ཡོང་བར་བྱས་པ་རེད།
ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཀོང་ལིང་ཆུས་ཀྱིས་རང་བཤེར་རང་བཅོས་དང་། སྒྲིག་བཤེར་ལྟ་ཞིབ། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་སོགས་ཀྱི་ཐབས་ལམ་ཕྱོགས་བསྡུས་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་རིང་གནས་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ་ཞིབ་བཤེར་བྱེད་རིང་དག་ཐེར་དང་དག་ཐེར་བྱེད་རིང་གསལ་རྟོགས་ཐུབ་པ་བྱས་པ་རེད། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་དམིགས་ནས“འཇུག་སྒོ་ཆུང་བའི”ཆེད་དོན་བཅོས་སྒྲིག་ཁག་55སྤེལ་བ་དང་ཚོང་གཉེར་ཁོར་ཡུག་གི་འགག་གནད་དང་དཀའ་གནད་ལེགས་སུ་གཏོང་བར་དམིགས་ནས་ཞིབ་མཆན་འགོད་པའི་ཁོར་ཡུག་དང་ཁྲོམ་རའི་ཁོར་ཡུག་སོགས་རིགས་11གི་དོན་ཚན་34ཡི་ལྟ་སྐུལ་གསལ་ཐོ་ཁ་གསལ་བཟོས་ཡོད།
སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཀྲའོ་ཧྭ་ཆུས་གྱིས“དོན་དག་ཡོད་ན་སྒྲིག་བཤེར་འཚོལ་བ”དང“དྲ་ཐོག་ཐེར་འདོན་བྱེད་པའི”ལས་སྟེགས་ཁྱབ་གདལ་བཏང་ནས་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་གནད་དོན་གྱི་གསལ་ཐོ་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་རེད། སྡེ་ཚན་གྱི་རང་བཤེར་དང་ནོར་སྲིད་ཀྱི་ཞིབ་བཤེར་དུས་མཉམ་དུ་སྤེལ་ནས་གནད་དོན་གྱི་ཁུངས་སྣེ་གྲལ་བཤེར་དང་ཤེས་རྟོགས་བྱས་པ་དང་། གནད་དོན་འགུལ་རྣམ་གྲལ་བཤེར་བྱེད་པ་དེ་ཆུས་ཡོངས་དང་འབྲེལ་ཡོད་སྡེ་ཚན(ཚན་པ)གྱི“སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྐྱོང་གི་རྩིས་ཐོའི”ནང་བཅུག་ནས་གནད་དོན་བཅོས་སྒྲིག་དང་དག་ཐེར་ཐོ་བསུབ་ལ་དམ་འཛིན་ནན་པོ་བྱས་པ་རེད།
འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས་ཕན་འབྲས་དོན་གཉེར་བྱེད་པ།
ས་གནས་ཁག་གིས་བཤེར་འདོན་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས། ཤེས་འཕྲལ་ལེགས་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་སློབ་སྦྱོང་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྐྱོང་གི་ལས་ཀའི་ཇུས་གཞི་ཞིབ་བཟོ་བྱས་པ་དང་གཅིག་སྡུད་བཅོས་སྐྱོང་གི་གཙོ་གནད་ལས་འགན་13ཆགས་པ་དང་སྣེ་ཁྲིད་ཚན་པ་ཁག་གིས་གཞོགས་འདེགས་ཚན་པ་དང་མཉམ་དུ་གཅིག་སྡུད་བཅོས་སྐྱོང་གི་ཞིབ་ཕྲའི་བྱེད་ཐབས་ཞིབ་བཟོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འཇུག་སྒོ་ཆུང་ཆུང་ནས་བཅོས་སྒྲིག་དམ་འཛིན་ནན་པོ་བྱས་ཏེ་མང་ཚོགས་ལ་སློབ་སྦྱོང་སློབ་གསོ་ལས་ཐོན་པའི་ཕན་འབྲས་དངོས་ཚོར་དུ་བཅུག་ཡོད།
ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་གྱིས་སྡེ་ཁུལ་གྱི“ཀུན་ཐུབ་ཐེལ་ཙེ”བཅོས་སྒྲིག་བྱས་ཀྱང་སྔར་བཞིན་གནས་པ་དང་ལས་དོན་སྒྲུབ་པར་ཁ་གཡར་ཀ་ཀོར་བྱེད་པ་སོགས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་ནས། སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། བརྙན་འཕྲིན་སྲིད་དོན་འདྲི་གླེང་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཡོ་བསྲང་བཅོས་སྒྲིག་བྱས་པ་རེད། ཉེན་བརྡའི་སློབ་གསོ་ཁག་གཅིག་སྤེལ་བ་དང་། དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་དབྱེ་ཞིབ་བྱེད་པ། དྲིལ་བསྒྲགས་བྱ་ཡུལ་ཁག་གཅིག་གཏོད་པ་བཅས་བྱས་ནས་གནད་དོན་གཅིག་དག་ཐེར་ཧུར་ཐག་བྱས་ནས་ཕྱོགས་གཅིག་ལ་སློབ་གསོ་ཐེབས་པའི་ཕན་འབྲས་ཧུར་ཐག་ཐོན་པ་བྱས་ཡོད།
ཧོ་པེ་ཞིང་ཆེན་ལོན་ཕིང་རྫོང་གིས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྐྱོང་བྱས་ནས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། གཙོ་གནད་གྲོང་གསེབ་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟག་དཔྱད་ཞིབ་འཇུག་དང་དབྱེ་ཞིབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གཅིག་སྡུད་ཀྱིས་གཤམ་སྐྱོད་འདྲི་རྟོགས་བྱས་པ་བརྒྱུད། གཞི་རིམ་ཚན་ཁག་གི་འཇོན་ཐང་ཆེ་རུ་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་ཡོད། སྡེ་ཁུལ(གྲོང་ཚོ)དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཁག་གཅིག་ཏུ་དག་ཐེར་གྱི་ཕན་འབྲས་ལྟ་ཞིབ་ས་ཚིགས་བཙུགས་ནས་མང་ཚོགས་ཀྱི་གདེང་འཇོག་ལ་བརྟེན་ནས་དག་ཐེར་གྱི་འཕེལ་རིམ་དང་ཕན་འབྲས་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད།
ཀྲེ་ཅང་ཞིང་ཆེན་ཅ་ཧྲན་རྫོང་གིས་གཞི་རིམ་གྱིས་གླེང་མང་བའི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་ཐེངས་གྲངས་མང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་སྟེ“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”གཏིང་ཟབ་ཏུ་བཏང་བ་དང་། ཞིབ་བཤེར་ཐེངས་གྲངས་ཉུང་དུ་དང་ཕན་ནུས་ཆེ་རུ་བཏང་ནས“འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་ཁེ་ལས་ཀྱི་འགན་འཁུར་བ་སོགས་ལྟ་ཞིབ་པར་གདན་ཞུ་བྱས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་མཛུབ་ཁྲིད་ཞབས་ཞུར“དཔྱད་འཇོག”བྱས་ཏེ་ལྟ་སྐུལ་དང་ཚུར་ལན་གྱི་ཟླུམ་འཁོར་ཆགས་པར་བྱས་ཡོད།