དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་ནི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཡོད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-27

    ● 2024ལོར་རང་རྒྱལ་གྱིས་ཁྱོན་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་104.5ལ་དབང་ཆ་སྤྲད་པ།

    ● འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྙན་ཞུ་ལས་མངོན་པར། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཡོད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་བསྡུར་ཚད་60%བཟུང་ཡོད།

    ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་ཀྱིས་ངོ་སྤྲོད་བྱས་པར། 2024ལོར་རང་རྒྱལ་གྱིས་ཤེས་བྱའི་བདག་དབང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་ཡོད།

    ཤེས་བྱའི་བདག་དབང་གསར་གཏོད་ཐད། 2024ལོར་རང་རྒྱལ་གྱིས་ཁྱོན་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་104.5ལ་དབང་ཆ་སྤྲད་པ་དང་། ཐོ་འགོད་ཚོང་རྟགས་ཁྲི་478.1ལ་ཞིབ་དཔྱད་ཆོག་འཐུས་བྱས་པ། བརྩམས་དབང་ཁྲི་1063.1ཐོ་འགོད་བྱས་པ། ས་ཁམས་མཚོན་རྟགས་ཐོན་རྫས་36གཏན་འཁེལ་བྱས་ཡོད། ས་ཁམས་མཚོན་རྟགས་ལ་ཞིབ་དཔྱད་ཆོག་འཐུས་བྱ་རྒྱུ་དེ་མཉམ་སྡེབ་ཚོང་རྟགས་དང་ར་སྤྲོད་ཚོང་རྟགས་ལ་བརྩིས་ནས་ཚོང་རྟགས་ཁག་125ཐོ་འགོད་བྱས་པ་དང་ཞིང་ལས་རྩི་ཤིང་གི་སྣ་ཁ་གསར་པ་5797དང་ནགས་ཚལ་དང་རྩྭ་ཐང་གི་རྩི་ཤིང་སྣ་ཁ་གསར་པ་878ལ་དབང་ཆ་སྤྲད་ཡོད།

    རང་རྒྱལ་གྱི་མི་ཐབས་རིག་ནུས་ཁྱབ་ཁོངས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད་ཅིང་། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྙན་ཞུ་ལས་མངོན་པར། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཡོད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་བསྡུར་ཚད་60%བཟུང་ཡོད། ཧྲེན་ཁྲང་ཡུས་ཀྱིས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། འབྲེལ་ཡོད་ཀྱི་མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུའི་བྱེད་པོ་དང་། སྲུང་སྐྱོང་བྱ་ཡུལ། ཞིབ་དཔྱད་ཚད་གཞི་སོགས་ཀྱི་གླེང་མང་བའི་གནད་དོན་ལ་ལན་ཧུར་ཐག་སློག་ནས་ཐག་གཅོད་བྱས་ཡོད། འབྱུང་འགྱུར་མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་ཀྱི་ཁྱབ་ཁོངས་གསར་པ་དང་ལས་རྣམ་གསར་པའི་ཤེས་བྱའི་བདག་དབང་གི་སྲུང་སྐྱོང་སྒྲིག་སྲོལ་གང་མགྱོགས་བཙུགས་ཏེ་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་བྱེད་སྐབས་དེ་དགོས་མཁོ་བཞིན་ཞིབ་བཤེར་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཁེ་བེད་བདག་ཐོབ་མཉམ་གཉེར་ལ་མཛུབ་ཁྲིད་བྱས་ནས་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞི་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།