དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལག་རྩལ་བྱང་ལ་བྱམས་སྐྱོང་ཆེ། རི་ཀླུང་བརྒལ་བའི་བརྩེ་སེམས་ཟབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-27

    1963ལོའི་ཟླ་བཞི་པར་ཀྲུང་གོའི་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོ་ཨེ་ཅི་རི་ཡར་བསྐྱོད་དེ་ཕྱི་ཕྱོགས་སྨན་བཅོས་རོགས་སྐྱོར་གྱི་ལས་དོན་སྤེལ་ཡོད། ཀྲུང་གོ་མི་དམངས་ཞི་བདེར་དགའ་ཞེན་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པར་དགའ་པོ་ཡོད། ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་ནི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཀྲུང་གོའི་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་གི་རུ་མིས་ལག་རྩལ་བྱང་ལ་བྱམས་སྐྱོང་ཆེན་པོས་ས་གནས་དེའི་མི་དམངས་ལ་བདེ་བ་བསྐྲུན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་ཅིང་། ནད་བཅོས་སྲོག་སྐྱོབ་བྱེད་པ་མ་ཟད། ཉམས་མྱོང་བསླབས་པ་དང་སྨན་པ་གསོ་སྦྱོང་བྱས་ནས་ས་གནས་དེར“ནམ་ཡང་གནས་ཐུབ་པའི”སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པས། རོགས་སྐྱོབ་བྱ་ཡུལ་རྒྱལ་ཁབ་ཀྱི་སྨན་བཅོས་ལག་རྩལ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ། ཡུལ་དེའི་སྲིད་གཞུང་དང་མི་དམངས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ་ཡོད།

    འོས་འགན་སྨན་བཅོས་བྱས་པ།

    པོ་ཚི་ཝ་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་བདུན་པས་ས་གནས་དེའི་སྨན་ཁང་ལ་རྨ་ཆུང་གཤགས་བཅོས་དང་། སྦྲིད་སྨན་རྒྱག་པ་སོགས་ཁྱབ་ཁོངས་མང་པོར་ཚད་བརྒལ་ཡོང་བར་རོགས་རམ་བྱས་ཡོད། སྨན་བཅོས་རུ་ཁག་གི་རུ་མིས་རྒྱུན་གཏན་གྱི་སྨན་བཅོས་དང་ནད་ཐོག་དམར་ཁྲིད་བྱེད་པ་དང་ཆབས་ཅིག ས་གནས་དེའི་སྡེ་ཁུལ་དུ་བསྐྱོད་དེ་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཞིང་། ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྐོར་གླེང་སྐབས་པོ་ཚི་ཝ་ནའི་དམངས་ཚོགས་ཀྱིས་འཕྲལ་མར་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་གི་ཡོད། དམངས་ཚོགས་ཀྱིས་སྨན་པ་བསྟེན་རྗེས་རང་འགུལ་ངང་ཀྲུང་གོའི་སྨན་པ་དང་དྲན་རྟེན་པར་རྒྱག་རྒྱུའི་རེ་བ་འདོན་པའམ་ཡང་ན་བྱང་ཆ་དེ་ཙམ་མེད་པའི་རྒྱ་སྐད་ཐོག་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།

    འདི་ནི་པོ་ཚི་ཝ་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅུ་བདུན་པའི་རུ་མི་ཧུའུ་མའེ་ཞུང(གཡོན་གྱི་དང་པོ)གིས་འོས་འགན་སྨན་བཅོས་བྱེད་རིང་ནད་པ་ཞིག་དང་སྤེལ་རེས་བྱེད་བཞིན་པ། (ཁྲེན་ཅིན་ཀོང་གིས་པར་བླངས)

    མཛའ་གྲོགས་ཟབ་ཏུ་ཕྱིན་པ།

    ཅི་པོའུ་ཐིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གསུམ་པས་རྒྱུན་གཏན་གྱི་སྨན་བཅོས་ཞབས་འདེགས་ཞུ་རིང་ལག་རྩལ་གསར་གཏོད་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། མིག་སྔའི་བར། ས་གནས་དེར་ཀྲུང་གོའི་སྨན་བཅོས་ཀྱི་ལག་རྩལ་གསར་པ་ཁག་7བདེ་བླག་ངང་བེད་སྤྱོད་བྱས་པའི་ནང་། རྣམ་གྲངས་མང་པོ་ཞིག་ས་གནས་དེར་ཐེངས་དང་པོ་སྤྱད་ནས་ཅི་པོའུ་ཐིའི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཏེ། ས་གནས་དེའི་དམངས་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་ཐང་གི་ཕན་པ་ཐོབ་ནས་ཀྲུང་གོ་དང་ཅི་པོའུ་ཐི་མི་དམངས་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    འདི་ནི་ཅི་པོའུ་ཐིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གསུམ་པའི་རུ་དཔོན་ཝང་དབྱིན་ཀྲེན་གྱིས་འོས་འགན་སྨན་བཅོས་བྱེད་རིང་ས་གནས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་དང་དྲན་རྟེན་པར་རྒྱག་བཞིན་པ། (ཀྲུའུ་ཧྥེང་གིས་པར་བླངས)

    གསེར་ཁབ་སྨན་བཅོས་བྱས་པ།

    ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་གསུམ་པས་གསེར་ཁབ་དང་འཕུར་མཉེད་སོགས་ཁྱད་ལྡན་སྨན་བཅོས་བྱ་ཐབས་ལ་བརྟེན་ནས་ཐག་རིང་ལུང་ཁུག་གི་དམངས་ཚོགས་ལ་སྨན་བཅོས་བྱས་ཏེ། ས་གནས་དེ་གའི་སྨན་བཅོས་ཀྱི་ཐོན་ཁུངས་དཀོན་པའི་གནད་དོན་ནུས་ལྡན་ངང་བསལ་བ་མ་ཟད། ཁམ་ཕུ་ཁྲེའི་གཞི་རིམ་སྨན་བཅོས་ལ་གསར་གཏོད་རང་བཞིན་གྱི་ཐག་གཅོད་ཇུས་གཞི་བཟོས་ཏེ། རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་མཉམ་ལས་ཟབ་ཏུ་བཏང་བ་མ་ཟད། དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་ཞིག་ཀྱང་བཙུགས་ཡོད།


    འདི་ནི་ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་གསུམ་པའི་རུ་མི་ཀུའོ་ཧང་གིས་འོས་འགན་སྨན་བཅོས་བྱེད་རིང་ས་གནས་དེ་གའི་ནད་པ་ཞིག་ལ་གསེར་ཁབ་རྒྱག་བཞིན་པ། (ལི་ཧུད་དབྱིན་གྱིས་པར་བླངས)

    གཤགས་བཅོས་མ་བྱས་གོང་གི་བརྟག་དཔྱད།

    པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གསུམ་པས་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཚེ་སྲོག་སྐྱོབ་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་དྲོ་སྐྱིད་བརྒྱུད་སྤྲོད་ཀྱིས་ནད་བཅོས་སྲོག་སྐྱོབ་བྱེད་པ་མ་ཟད། ཐག་རིང་ལུང་ཁུག་ཏུ་བསྐྱོད་དེ་སྨན་བཅོས་བྱེད་པ་དང་། སྨན་སྐྱེལ་བ། སྨན་དོན་མི་སྣར་གསོ་སྦྱོང་བྱེད་པ། སྨན་བཅོས་སྒྲིག་ཆས་ཞལ་འདེབས་རྒྱག་པ། འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ་བ་བཅས་བྱས་ཏེ། ས་གནས་དེ་གའི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་ཧུར་ཐག་བྱས་ཡོད།

    འདི་ནི་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གསུམ་པའི་རུ་དཔོན་ཡན་ཁྲེང་དབྱིང(གཡོན་གྱི་དང་པོ)དང་རུ་མི་ལི་ཨེར་ཧུའུ(གཡོན་གྱི་གཉིས་པ)ཡིས་བྱིས་པ་ནད་པ་ཞིག་ལ་གཤགས་བཅོས་མ་བྱས་གོང་གི་བརྟག་དཔྱད་བྱེད་བཞིན་པ།

    མཐུན་སྦྱོར་གཞོགས་འདེགས་བྱས་པ།

    ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བརྒྱད་པ་གཙོ་བོ་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ལས་གྲུབ་པ་དང་། ཁོང་ཚོར་བུད་མེད་དང་བུ་བཙའི་ཚན་ཁག་གི་དོས་དྲག་ནད་རིགས་སྣ་ཚོགས་སྨན་བཅོས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། རྒྱུན་གཏན་ལས་ཀའི་ནང་། སྨན་བཅོས་རུ་ཁག་གི་རུ་མི་དང་ཨར་ཅི་རི་ཡའི་ཕྱོགས་ཁག་མཐུན་སྦྱོར་གཞོགས་འདེགས་བྱས་ནས། མངལ་འཁོར་སྐབས་ཀྱི་ནད་གཞི་མང་པོ་ཕོག་པའི་ནད་པར་སྨན་བཅོས་བྱས་ཡོད། ཨར་ཅི་རི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཟུར་པ་ཅཱ་མའེ་ལེ·ཝུའུ་ཨེར་ཏེ·ཨ་པའེ་སིས“ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་མི་ནི་ང་ཚོ་བློས་འཁེལ་ཤོས་ཀྱི་གྲོགས་པོ་ཡིན། ཁྱེད་ཚོས་འགན་འཁྲི་ཆུད་ཟོས་སུ་གཏོང་གི་མེད་པས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ཕོ་ཉ་ཞིག་རེད”ཅེས་བཤད།

    འདི་ནི་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བརྒྱད་པའི་རུ་མི་ཚུའེ་ཧྲོང་ཧྲོང(གཡས)གིས་ས་གནས་དེ་གའི་སྨན་པ་དང་ནད་པའི་ནད་གཞིའི་སྐོར་སྤེལ་རེས་བྱེད་བཞིན་པ།

    ཕྲུ་གུ་དམར་འབྱར་གྱི་བདེ་ཐང་སྲུང་བ།

    ཐི་ནི་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་དགུ་པས་སྨན་རྫས་དཀོན་པ་དང་། སྨན་བཅོས་ཀྱི་ལག་རྩལ་རྗེས་ལུས་ཡིན་པ། འཚོ་བའི་ཁོར་ཡུག་དཀའ་ཚེགས་ཆེ་བ་སོགས་ཀྱི་ས་གནས་དེ་གའི་འགལ་རྐྱེན་སྣ་ཚོགས་བསལ་ནས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། འདི་ལོའི་ཟླ་3པའི་བར། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པར་ས་གནས་དེ་གའི་དམངས་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    འདི་ནི་ཐི་ནི་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་དགུ་པའི་ཤིས་ཏི་ཡན་ལག་རུ་ཁག་གི་རུ་དཔོན་ཡུས་དབྱིན་ཧུད(གཡས)དང་སྦྲིད་སྨན་སྨན་པ་ཞུང་དབྱིན་ཧྥེན(གཡོན)གྱིས་ཕྲུ་གུ་དམར་འབྱར་དང་དེའི་ཨ་མ་དང་དྲན་རྟེན་པར་རྒྱག་བཞིན་པ། (ཀྲང་ཉིང་གིས་པར་བླངས)

    ནད་ཐོག་དམར་ཁྲིད་བྱས་པ།

    ཆ་ཏེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉི་ཤུ་པས་གསར་གཏོད་ཀྱི་སྒོ་ནས“འཕྲོད་བསྟེན་ལས་རིགས་སློབ་གསོ་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་བའི”འཆར་གཞི་བཏོན་ཏེ། གཟའ་འཁོར་རེའི་རེས་གཟའ་པ་སངས་ལ་ཀྲུང་ཆ་མཛའ་གྲོགས་སྨན་ཁང་དུ་རེས་མོས་ངང་ཆེད་དོན་གསོ་སྦྱོང་དགེ་རྒན་བྱས་ཏེ་སྨན་བཅོས་ལག་རྩལ་སློབ་ཀྱི་ཡོད། སྨན་བཅོས་རུ་ཁག་གིས་ཀྲུང་ཆ་མཛའ་གྲོགས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་ཀྲུང་གོའི་ལག་རྩལ་གསར་པ་རྨ་མེད་གཤགས་བཅོས་ཁྱབ་གདལ་བཏང་ནས། ས་གནས་དེ་གའི་ནད་པར་རྨ་ཁ་མེད་པའི་སྨན་བཅོས་བྱ་ཐབས་གསར་པ་ཞིག་བཏོན་ཡོད།

    འདི་ནི་ཆ་ཏེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉི་ཤུ་པའི་རུ་མི་ཝང་ཀྲེ(གཡོན་གྱི་གཉིས་པ)ཡིས་ཀྲུང་ཆ་མཛའ་གྲོགས་སྨན་ཁང་དུ་ས་གནས་དེ་གའི་སྨན་དོན་མི་སྣར་དམར་ཁྲིད་བྱེད་བཞིན་པ། (ཝུའུ་ལིའུ་ཆིང་གིས་པར་བླངས)

    ཀྲུང་ལུགས་གསོ་རིག་ཁྱབ་གདལ་བཏང་བ།

    ཙམ་པབ་ཝེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གཅིག་པ་ཀྲུང་གོ་དང་ཙམ་པབ་ཝེའི་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས་སུ་ཡུན་རིང་སྨན་བཅོས་བྱས་ནས་སྡོད་རིང་། རིམ་རྩིས་བརྒྱབ་ན་ནད་པ་མི་ཐེངས་ཆིག་ཁྲི་ལྷག་ཙམ་ལ་སྨན་བཅོས་བྱས་ཡོད། གཞན་ཡང་། ཁོང་ཚོས་ད་དུང་ཐག་རིང་ལུང་ཁུག་གི་སྡེ་ཁུལ་དང་། དྭ་ཕྲུག་ཁང་། བཟོ་གཏེར་ཁུལ་སོགས་སུ་བསྐྱོད་དེ་འོས་འགན་སྨན་བཅོས་ཐེངས་16བྱས་ནས། མི་ཐེངས་6000ལྷག་ཙམ་ལ་སྤུས་ཚད་མཐོ་བའི་བདེ་ཐང་བརྟག་དཔྱད་བྱས་ཡོད།

    འདི་ནི་ས་གནས་དེ་གའི་གསར་འགོད་པས་ཙམ་པབ་ཝེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གཅིག་པའི་རུ་དཔོན་གཞོན་པ་ཧུའུ་ཧྲ(གཡས་ཀྱི་དང་པོ)ཡི་ས་ནས་ཀྲུང་གོ་དང་ཙམ་པབ་ཝེའི་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།