དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དྲ་བའི་སྤོ་ལོ་སློབ་གྲྭར་ཁྱབ། བདེ་ཐང་འཚར་ལོངས་ཡོང་བར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-27

    འདི་ནི་རང་སྐྱོང་ལྗོངས་དྲ་བའི་སྤོ་ལོ་མཐུན་ཚོགས་ཀྱི་རྩལ་ཁྲིད་པས་སློབ་མ་ཚོར་མཛུབ་ཁྲིད་བྱེད་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་དྲ་བའི་སྤོ་ལོ་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི“དྲ་བའི་སྤོ་ལོ་སློབ་རར་ཁྱབ”ཅེས་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་བཞི་པར(དཔལ་འབྱོར་གསར་སྤེལ་ཁུལ་སློབ་ཆུང)སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། རང་སྐྱོང་ལྗོངས་དྲ་བའི་སྤོ་ལོ་མཐུན་ཚོགས་ཀྱིས་ཆེད་ལས་རྩལ་ཁྲིད་པའི་ཚོགས་པ་མངགས་ཏེ་དྲ་བའི་སྤོ་ལོའི་འབྱུང་ཁུངས་དང་། སྒྲིག་སྲོལ། གཞི་རྩའི་རྒྱག་སྟངས་བཅས་ངོ་སྤྲོད་བྱས་པ་མ་ཟད། ས་ཡུལ་དངོས་སུ་དཔེ་སྟོན་མཛུབ་ཁྲིད་ཀྱང་བྱས་ཡོད། སྤོ་ལོ་དངོས་སུ་རྒྱག་སྐབས། རྩལ་ཁྲིད་པས་ལུས་པོའི་སྟངས་སྟབས་དང་སྤོ་ལོ་འཕེན་སྟངས་སོགས་ཀྱི་ཐད་སློབ་མ་ཚོར་ངང་རྒྱུད་རིང་པོས་མཛུབ་ཁྲིད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།