དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་རྒྱལ་ཁབ་གློག་དྲས་མ་འཇོག་གི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-26

    ● ད་ལོའི་དུས་ཚིགས་དང་པོར་རྒྱལ་ཁབ་གློག་དྲས་གཙོ་གནད་ལས་གྲྭ་ཁག་གཅིག་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་900ལྷག་ཙམ་ཟིན་ནས། དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    གསར་འགོད་པར་རྒྱལ་ཁབ་གློག་དྲ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཁབ་གློག་དྲས་གཙོ་གནད་ལས་གྲྭ་ཁག་གཅིག་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་900ལྷག་ཙམ་ཟིན་ནས། དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། རྒྱལ་ཁབ་གློག་དྲས་ཞིང་ཆེན་དབར་གྱི་ཁྲོམ་རའི་ཉོ་ཚོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་ཞིང་ཆེན་དང་ཁུལ་སྒྲོལ་བའི་ལྗང་མདོག་གློག་ཤུགས་ཉོ་ཚོང་གི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་ཡོད།

    དུས་ཚིགས་དང་པོར་ཞིང་ཆེན་དབར་གྱི་ཉོ་ཚོང་གློག་འབོར་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་3569ཟིན་ཏེ་དུས་མཚུངས་ལས་6.3%འཕར་ཡོད། གཉེར་སྐྱོང་ཁུལ་ཁོངས་ནང་གི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་1455ཟིན་ཏེ་དུས་མཚུངས་ལས་74%འཕར་ཡོད། རྒྱལ་སའི་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས་ལྗང་མདོག་གློག་ཤུགས་པེ་ཅིང་ལ་གཏོང་བའི་ཐབས་ལམ་གསར་པ་བཏོད་དེ། སྔ་རྗེས་སུ་བོད་དང་ཤིན་ཅང་སོགས་ས་ཁུལ་དང་ལྗང་མདོག་གློག་ཤུགས་མཉམ་ལས་ཀྱི་གྲོས་མཐུན་བཞག་པས་དུས་ཚིགས་དང་པོར་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་100ལྷག་ཟིན་ཡོད། དུས་ཚིགས་དང་པོར་རྒྱལ་ཁབ་གློག་དྲའི་གཉེར་སྐྱོང་ཁུལ་ཁོངས་ནང་གི་རླུང་གློག་དང་འོད་ཤུགས་གློག་གཏོང་གི་འཕྲུལ་འཁོར་ཨ་མའི་གློག་ཤུགས་ཟླ་སྒྲིལ་བཏང་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5380གསར་སྣོན་བྱུང་སྟེ་དུས་མཚུངས་ལས་19.1%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།