དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པ”ཚུན།

    ལོ་རེར་ཆ་སྙོམས་རྩྭ་ཐང་མུའུ་ཁྲི་4600ལྷག་ཙམ་ཉམས་གསོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-26

    ཟླ་4ཚེས་22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་རེད། གསར་འགོད་པས་ཉིན་དེར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། ཀྲུང་དབྱང་ནོར་སྲིད་ཀྱིས་རྩྭ་ཐང་སྲུང་སྐྱོང་ཉམས་གསོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1100བཏང་ནས་རྒྱབ་སྐྱོར་བྱས་པ་དང་ལོ་རེར་ཆ་སྙོམས་ཉམས་གསོ་བྱས་པའི་རྩྭ་ཐང་མུའུ་ཁྲི་4600ལྷག་ཙམ་ཟིན་པ། རྩྭ་ཐང་གི་རྩྭ་སྔོན་ཐོན་ཚད་བསྡོམས་འབོར་ཏུན་དུང་ཕྱུར་5.5ལྷག་ཙམ་ཟིན་ཡོད་པ་རེད། བྱང་གསུམ་ས་ཁུལ་དུ་རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཁོར་ཆིན་བྱེ་ས་དེ་སྔའི་ཤིང་སྡོང་ཐར་ཐོར་དང་རྩྭ་ཐང་ཡོད་པའི་མཛེས་ལྗོངས་བསྐྱར་དུ་མངོན་བཞིན་ཡོད་པ། པེ་ཅིང་དང་ཐེན་ཅིན་གྱི་ལྷགས་ཕྱོགས་ཀྱི་བྱེ་ཁུངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

    ས་གནས་ཁག་གིས་རྩྭ་འདེབས་ཤུགས་ཆེ་རུ་གཏོང་བ་དང་རྩྭ་ཁ་བཀག་པ་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུཌ་སོཌ་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སྲོལ་རྒྱུན་གྱི་རྩྭ་ཐང་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་མགྱོགས་སུ་བཏང་ཡོད། གོམ་སྟབས་རྗེས་མར། མར་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས“བྱང་གསུམ”དང“གལ་ཆེན་གཉིས”སོགས་ཀྱི་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོར་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ་རེད། རྩྭ་འདེབས་ལེགས་བཅོས་དང་རྩྭ་སོན་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་དམ་འཛིན་ཏན་ཏིག་བྱས་ཏེ། རྩྭ་འདེབས་ལེགས་བཅོས་རྒྱ་ཁྱོན་མུའུ་ཁྲི་4000ཡན་ལེགས་འགྲུབ་བྱ་རྒྱུ་དང་། རྩྭ་སོན་རྒྱུད་སྤེལ་རྟེན་གཞི་མུའུ་ཁྲི་30གསར་དུ་བསྐྲུན་རྒྱུ། སྐྱེ་ཁམས་ཀྱི་རྩྭ་སོན་མཁོ་སྤྲོད་ནུས་པ་ཏུན་ཁྲི་3བར་མཐོ་རུ་བཏང་སྟེ་རང་རྒྱལ་ནས་ཐོན་པའི་རྩྭ་སོན་རང་མཁོ་རང་སྤྲོད་ཐུབ་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།