དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་དངུལ་ཁྲོམ་རའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ།

    རྒྱལ་སྒྲོལ་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྒྱལ་སྒྲོལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་འདོན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-26

    ཚེས་22ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཟླ་3པའི་དངུལ་ཁང་གི་ཕྱི་དངུལ་འཛའ་བཅད་ཚོང་སྒྱུར་དང་དངུལ་ཁང་གི་ངོ་ཚབ་ཕྱི་འབྲེལ་དངུལ་སྤྲོད་ལེན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ཟླ་3པར་དངུལ་ཁང་གིས་ཕྱི་དངུལ་ཨ་སྒོར་དུང་ཕྱུར་1896རྩིས་བརྒྱབ་པ་དང་ཕྱི་དངུལ་ཨ་སྒོར་དུང་ཕྱུར་1916ཚོང་སྒྱུར་བྱས་པ་རེད། དངུལ་ཁང་གི་ངོ་ཚབ་ཕྱི་འབྲེལ་ཡོང་འབབ་ཨ་སྒོར་དུང་ཕྱུར་6920ཟིན་པ་དང་ཕྱི་ཕྱོགས་ལ་ཨ་སྒོར་དུང་ཕྱུར་6428གཏོང་སྤྲོད་བྱས་པ་རེད།

    རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ལི་པིན་གྱིས། ད་ལོ་ཚུན་རང་རྒྱལ་གྱི་དཔལ་འབྱོར་སླར་ཡང་ལེགས་སུ་ཕྱིན་པ་དང་ཕྱི་དངུལ་ཁྲོམ་རའི་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་བྱུང་བར་གཙོ་བོ་ཁྱད་ཆོས་གསུམ་མངོན་པ་སྟེ། གཅིག་ནི་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ཕྱོགས་གཉིས་ཀར་འཕར་ཆག་བྱུང་ནས་བལྟོས་བཅས་ཀྱི་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། གཉིས་ནི་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་ལུགས་མཐུན་དང་གོ་རིམ་ལྡན་ལ་རྒྱལ་སྒྲོལ་མ་དངུལ་དངོས་སུ་གཏོང་ཐུབ་པ་བྱུང་བ། གསུམ་ནི་ཐབས་ལམ་གཙོ་བོའི་རྒྱལ་སྒྲོལ་མ་དངུལ་གྱི་འཁོར་རྒྱུག་བརྟན་པོ་དང་གོ་རིམ་ལྡན་པ་བཅས་རེད།

    “རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་ཕྱི་དངུལ་ཁྱབ་ཁོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱལ་སྒྲོལ་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རྒྱལ་སྒྲོལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་བཏོན་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་སྔར་བས་བརྟན་པོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད”ཅེས་ལི་པིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།