དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མ་འཇོག་སྐུལ་སྤེལ་བྱེད་སྒོའི་གྲུབ་འབྲས་གཡུར་དུ་ཟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝུའུ་ཧྲའོ་མིན་དང་ཅིན་པོ།   |     སྤེལ་དུས།  2025-04-26

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་ཚོགས་ཀྱིས་ཐེན་ཅིན་དུ་སྤེལ་བའི་ལྷན་སྦྱར་བྱེད་སྒོ་ཐེངས་དང་པོ་ཡིན་པའི་ངོས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་མ་འཇོག་སྐུལ་འདེད་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དགུ་པ་དང་ཀྲུང་གོ——ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐོན་ལས་མཉམ་ལས་ཚོགས་ཆེན་ཉེ་ཆར་ཐེན་ཅིན་དུ་འཚོགས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་400ཙམ་ཐེན་ཅིན་པིན་ཧའེ་ཁུལ་གསར་དུ་འཛོམས་ཡོད། ཚོགས་ཆེན་གྱི་དམིགས་ཡུལ་ནི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལོའི”བརྗོད་དོན་གཙོ་བོའི་སྒྲོམ་གཞིའི་འོག་གི་མཉམ་ལས་དང་བྱ་སྤྱོད་འཆར་གཞི་དོན་འཁྱོལ་དང་། ཕྱི་ཕྱོགས་སྒོ་དབྱེ་དང་། ཐོན་ལས་རིམ་སྤོར། མ་འཇོག་སྐུལ་སྤེལ་སོགས་ཀྱི་གྲོས་དོན་ལ་དམིགས་ནས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བྱ་ཐབས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་དེ་རེད།

    ཀྲུང་གོ་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་གཞོན་པ་གཅིག་ལྕོགས་ལིང་ཅིས། ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁོངས་ཚོང་དོན་ལ་གསོན་ཤུགས་ཆེན་པོ་ལྡན་པ་དང་། མ་འཇོག་མཉམ་ལས་ཀྱིས་ཕྱོགས་ཁག་ལ་ཕན་པ་ཐོབ་པ། མཉམ་སྦྲེལ་མཉམ་མཐུད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་བ་དེ་བས་དམ་ཟབ་བཅས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མ་འཇོག་མཉམ་ལས་ཀྱི་བཅའ་ཁྲིམས་ལམ་ལུགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ས་ཁོངས་ཚོང་དོན་གྱི་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ཚོགས་ཆེན་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དང་ལས་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འཆར་འགོད་དང་གོ་སྐབས་དང་། དེ་བཞིན་མཉམ་ལས་རྣམ་གྲངས་མཉམ་སྤྱོད་བྱས་ཡོད། ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་རྣམ་གྲངས་ནང་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་ཅིང་། གན་འཇོག་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་47.95ཟིན་ཡོད། ཐེན་ཅིན་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་དབར་གྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། བྱེད་སྒོ་སྤེལ་ཡུལ་དུ“ཐེན་ཅིན་གྱི་རིག་སྐྲུན་མཉམ་སྤྱོད་གོ་སྐབས”ཞེས་པའི་འགྲེམས་ཁུལ་བཙུགས་པ་དང་། པིན་ཧའེ་ཁུལ་གསར་ནས་ཡོང་བའི་ཁེ་ལས་11གིས་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།