དབན་ལུང་ཚོགས་འདུ་འཚོགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཧིན་རྡུ་ཉི་ཞི་ཡར་འཚོགས་པ།
དབན་ལུང་ཚོགས་འདུ་འཚོགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་ཆེད། “དབན་ལུང་གི་སྙིང་སྟོབས་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་འཕེལ་རྒྱས”ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས་24ཉིན་ཧིན་རྡུ་ཉི་ཞི་ཡའི་ཤི་ཀྲ་ཝ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དབན་ལུང་དུ་འཚོགས་ཤིང་། ཀྲུང་གོ་དང་། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ་400ལྷག་ཙམ་གྱི་སྲིད་གཞུང་གི་དཔོན་རིགས་དང་། ཕྱི་རྒྱལ་གྱི་གཞུང་ཚབ། མཁས་དབང་བཅས་དང་དེ་བཞིན་གཞོན་ནུའི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད། འདི་ནི་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་ནས་པར་བླངས་པའི“དབན་ལུང་གི་སྙིང་སྟོབས་དང་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས”ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོག་ཡུལ་ཡིན་པ།