ཧྲང་ཧའེ་རྒྱལ་སྤྱིའི་རླངས་འཁོར་བཟོ་ལས་འགྲེམས་ཚོགས་འགོ་ཚུགས་པ།
ཧྲང་ཧའེ་རྒྱལ་སྤྱིའི་རླངས་འཁོར་བཟོ་ལས་འགྲེམས་ཚོགས་སྐབས་ཉེར་གཅིག་པ་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ་26གི་ཀྲུང་ཕྱིའི་ཁེ་ལས་1000ལྷག་ཙམ་གྱིས་བཟོ་ལྟ་གསར་པ་དང་ལག་རྩལ་རྩེར་སོན་གྱི་རླངས་འཁོར་བརྒྱ་ཕྲག་འགྲེམས་སྟོན་བྱས་ཡོད། ད་ཐེངས་ཀྱི་རླངས་འཁོར་འགྲེམས་ཚོགས་འདི་ཉིད་གོ་ལ་ཧྲིལ་པོའི་རླངས་འཁོར་ཁེ་ལས་ཀྱིས་རིག་ནུས་ཅན་དང་གློག་སྒུལ་ཅན་གྱི་གྲུབ་འབྲས་ངོམས་པའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད། འདི་ནི་ལྟད་མོ་བས་ཧྲང་ཧའེ་རླངས་འཁོར་འགྲེམས་ཚོགས་ཐོག་པེན་ཁྲི་རྟགས་ཅན་གྱི་རླངས་འཁོར་ལ་པར་ལེན་བཞིན་པ།