ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་བདེ་བླག་བྱུང་བ།
ཟླ་4ཚེས་24ཉིན། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་ལས་འགན་འཁུར་མཁན་འཇིག་རྟེན་འཕུར་སྐྱོད་པའི་རྡོག་ཐོན་མཛད་སྒོ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་མཁའ་འདྲི་ཐོག་ཁང་ཡོན་མོང་གླིང་ཐང་ཆེན་དུ་གཉེར་ཞིང་། འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང(གཡས)དང་། ཁྲེན་ཀྲུང་རུའེ(དཀྱིལ) ཝང་ཅེ་བཅས་རྡོག་ཐོན་མཛད་སྒོར་ཞུགས་པ།
འདི་ནི་ཟླ་4ཚེས་24ཉིན། ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉི་ཤུ་པ་མེ་སྤར་ཏེ་འཕེན་གཏོང་བྱེད་བཞིན་པ།
1970ལོའི་ཟླ་4ཚེས་24ཉིན། རང་རྒྱལ་གྱི་མིས་བཟོས་སའི་གོ་ལའི་སྲུང་སྐར་དང་པོ“ཤར་ཕྱོགས་དམར་ཨང་དང་པོ”ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་འཕེན་གཏོང་བྱས་པ་དེས་ཀྲུང་གོ་བས་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་བྱེད་པའི་རླབས་ཆེན་གྱི་རྒྱང་ལམ་ཕྱེ་ཡོད། ལོ་ལྔ་བཅུ་ང་ལྔ་སོང་རྗེས་ཀྱི་ཉིན་མོ་དེར“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ”ཐེངས་བཅུ་པ་དང་སྐབས་འཁེལ་བས། ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འདེགས་སྐྱོར་འོག“སུམ་རྩེན་ཕོ་བྲང”དུ་བསྐྱོད་ཅིང་། སྦྲེལ་མཐུད་བདེ་བླག་བྱུང་རྗེས་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པས་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་བར་སྣང་ས་ཚིགས་སུ་མཉམ་འཛོམས་བྱས་པ་རེད།