དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་200ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་གནས་པའི་རྫམ་ཆུ་ཤུགས་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་200ལས་བརྒལ་བ་དང་བདེ་འཇགས་ངང་འཁོར་སྐྱོད་ཉིན་3800ལྷག་ཙམ་བྱས་ཡོད།

    རྫམ་ཆུ་ཤུགས་གློག་ཁང་ནི་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་དེ་ཡིན་ཞིང་། གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་51ཟིན་པ་དང་2015ལོའི་ཟླ་10པ་ནས་གློག་ཡོངས་སུ་གཏོང་འགོ་ཚུགས་པ་དེ་ནི་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཆན་ཝ་ཁྲི་10རིམ་པ་ནས་ཆན་ཝ་ཁྲི་50རིམ་པར་ཚད་བརྒལ་བྱུང་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོ་ཧྭ་ནུས་ཚོགས་པ་ཀུང་སིས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་པ་ཞིག་རེད།

    རྫམ་ཆུ་ཤུགས་གློག་ཁང་གིས་རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་ཆུ་ཤུགས་གློག་ཁང་ཆེ་གྲས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པར་ཉམས་མྱོང་རྩ་ཆེན་བསགས་ཡོད། གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་བོད་ཀྱི་གློག་དྲའི་བདེ་འཇགས་དང་བརྟན་པའི་ཆུ་ཚད་དང་གློག་ཤུགས་འགན་སྲུང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། སྐབས་དེ་དུས་ཀྱི་བོད་ཀྱི་མ་གནས་མཐོ་བའི་འབར་སྣུམ་འཕྲུལ་ཚན་ནས་གློག་གཏོང་བ་དང་དགུན་དཔྱིད་དུས་ཚིགས་སུ་གློག་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ཤུགས་ཆེན་ཕྱིན་པ་དང་དུས་མཚུངས། བོད་གློག་ཕྱིར་འདྲེན་མངོན་འགྱུར་ཡོང་བར་རམ་འདེགས་ཀྱང་ཐུབ་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རྫམ་ཆུ་ཤུགས་གློག་ཁང་གིས་མ་དངུལ་སྒོར་དུང་ཕྱུར་3.2ཙམ་བཏང་ནས་ཉ་བགྲོད་ལས་གྲྭ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་4800བཏང་ནས་བོད་ཀྱི་གཞི་ཁྱོན་ཅུང་ཆེ་བའི་ཉ་རིགས་གློད་གཏོང་ས་ཚིགས་དང་པོ་བསྐྲུན་ཏེ་ལོ་ལྟར་སྒོར་ཁྲི་800ལྷག་ཙམ་བཏང་ནས་ཡུལ་དེ་གའི་ཉ་རིགས་གསོ་བ་དང་། སྐྱེ་འཕེལ། སྲུང་སྐྱོབ་བཅས་ཀྱི་ཐད་སྤྱོད་ཀྱི་ཡོད། ལོ་བཅུ་བསྟུད་མར་ཡུལ་དེ་གའི་ཉ་ཕྲུག་ཁྲི་150ལྷག་ཙམ་གློད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།