དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”རྒྱུན་མཐུད་ངང་སྤེལ་བར་ཕན་འབྲས་གསར་པ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། ཞིང་ཆེན་མི་སྤྱི་ཐིང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་མཉམ་དུ“སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”ཚོད་ལྟའི་ས་ཁུལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་རུ་ཕྱོགས་ཡོངས་ལ་ཁྱབ་སྤེལ་བཏང་བར། རིམ་རྩིས་བརྒྱབ་ན་ཅང་སུའུ་སོགས་ཤར་རྒྱུད་ས་ཁུལ་དུ་ལས་མི་600ཙམ་བཏང་ཡོད།

    “སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”སྤེལ་ཚུན། ཞིང་ཆེན་དེས་ནང་དུ་གདན་དྲངས་པ་དང་ཕྱིར་སྐྱོད་པ་དང་། སྲིད་གཞུང་གིས་གསོ་སྦྱོང་དང་ཁེ་ལས་ཀྱིས་གསོ་སྦྱོང་བྱེད་རོགས་བྱེད་པ། ཞབས་ཞུ་ལེགས་སུ་གཏོང་བ་དང་སྤུས་རྟགས་གཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་བཅས་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་རྩིས་བརྒྱབ་ན་ཅང་སུའུ་སོགས་ཤར་རྒྱུད་ས་ཁུལ་དུ་ངལ་རྩོལ་པ་ཁྲི་2ཙམ་བཏང་སྟེ། “སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    འདི་ལོར་ཞིང་ཆེན་དེས“སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”ཀྱི་སྐད་གྲགས་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཞུགས་གསོ་སྦྱོང་ཞབས་ཞུའི་འགན་སྲུང་ལམ་སྲོལ་སྔར་བས་ལེགས་སུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་ངལ་ནུས་མཉམ་ལས་ལམ་སྲོལ་སྔར་བས་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས“སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་རྒྱུ་དང་། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་དང་དྲིལ་བསྒྲགས་འཐབ་ས་གང་ལེགས་སྤྱད་དེ། ལས་ཞུགས་སྲིད་ཇུས་དང“སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”ཀྱི་བྱ་ཐབས་དང་། ཉམས་མྱོང་། ཕན་འབྲས་བཅས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས། ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་སྤེལ་བ་དང་སྔོན་ཐོན་དཔེ་མཚོན་དང་དཔེ་མཚོན་ཡག་པོ་སྔོག་འདོན་དང་། གདམ་གསེས། གཏོད་འཛུགས་་བཅས་གཏིང་ཟབ་བྱེད་པ་དང་། “སེའུ་འབྲུ་དམར་པོའི་ལས་ཞུགས་བྱ་སྤྱོད”ཀྱི་སྐད་གྲགས་དང་ཤུགས་རྐྱེན་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་རྒྱ་ཁྱབ་ངང་ཞུགས་པ་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པར་སྐུལ་སློང་བྱ་རྒྱུ། མི་རིགས་ས་ཁུལ་མང་ཚོགས་ཀྱི་འདོད་བློ་དང་ལས་མི་ཕྱིར་གཏོང་བྱ་ཡུལ་ཁེ་ལས་ཀྱི་དགོས་མཁོ་ཟུང་དུ་འབྲེལ་བའི་ལས་ཞུཌ་རྩལ་ནུས་གསོ་སྦྱོང་སློབ་ཚན་མ་ལག་འཚོལ་བཤེར་དང་འཛུགས་སྐྱོང་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་སོགས་གསོ་སྦྱོང་གི་ནང་དོན་དུ་བྱས་ཏེ། “སྲིད་གཞུང་གིས་གསོ་སྦྱོང་དང་ཁེ་ལས་ཀྱིས་གསོ་སྦྱོང་བྱེད་རོགས་ཟུང་འབྲེལ”དང“ངལ་ནུས་ཀུང་སི་དང་གསོ་སྦྱོང་སྒྲིག་གཞི་ཟུང་འབྲེལ”སོཌ་ཀྱི་རྣམ་པ་སྤྱད་ནས། “མངགས་ཐོའི་རྣམ་པ”དང“ཕྱིར་གཏོང་རྣམ་པའི”ལས་ཞུགས་གསོ་སྦྱོང་བརྒྱུད། ཕྱིར་ལས་ཀ་འཚོལ་མཁན་གྱི་ལས་མིའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་དང་མི་སྒེར་གྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་སྟོབས་ཤུགས་བཏོན་ཏེ། སྲོལ་རྒྱུན་གྱི་བཟོ་རྩལ་སྔོག་འདོན་ཤུགས་ཆེན་བྱེད་པ་དང་གསར་དར་ཐོན་ལས་ལ་དམིགས་པ་དང་། ལས་མི་ཕྱིར་གཏོང་བྱ་ཡུལ་གྱི་ཁྲོམ་རའི་དགོས་མཁོ་དང་འབྲེལ་བ་དམ་ཟབ་བྱས་ཏེ་ངལ་ནུས་ཕྱི་རུ་གཏོང་བ། ཁྱབ་ཁོངས་དབྱེ་སྟེ་སྐད་གྲགས་ཆེ་བའི་ངལ་ནུས་སྤུས་རྟགས་ཁག་ཅིག་གཏོད་པ་བཅས་བརྒྱུད་ངལ་ནུས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། ཁས་ལེན་ཐོབ་ཚད། སྙན་གྲགས་ལྡན་ཚད་སོགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།