ཏ་ཁྲང་མཚེའུ་ཡི་འདམ་རའི་མཛེས་ལྗོངས་རབ་ཏུ་མཛེས།
ད་ཕན་ལོ་ཤས་རིང་། ཁྲུང་ཆིང་གིས་ཏ་ཁྲང་མཚེའུ་ཡི་འདམ་ར་སྲུང་སྐྱོང་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ་དང་། མཚེའུ་ངོགས་ཀྱི་ལམ་རྒྱུད་ཉམས་བཟོ་དང་ཆུ་སྐྱེས་སྐྱེ་དངོས་ལྟ་ཞིབ་ཚད་ལེན་སོགས་ལ་ཤུགས་སྣོན་རྒྱག་པ། འདམ་རའི་སྐྱེ་ཁམས་བྱེད་ནུས་གང་ལེགས་འདོན་པ་བཅས་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་གལ་ཆེན་བརྟན་དུ་བཏང་ཡོད།
འདི་ནི་ཟླ་4ཚེས་21ཉིན། ཁྲུང་ཆིང་ཏ་ཁྲང་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་དགུང་སྔོན་སྤྲིན་དཀར་དང་དྭངས་གཙང་ཆུ་བོས་རབ་ཏུ་བརྒྱན་ཏེ་གྲོང་མི་དང་། ཞིང་ནང་། རི་སྔོན་བཅས་གཅིག་ཏུ་འདྲེས་ནས་རང་བྱུང་གི་བཀོད་པ་ལྷག་པར་མཛེས་པ་ཞིག་མངོན་བཞིན་ཡོད།