དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།

    ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་རྒྱུ་གཞི་རྩའི་ཆ་ནས་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-25

    གསར་འགོད་པས་ཉེ་དུས་འཚོགས་པའི་2025ལོའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་ཡོངས་བསྒྲགས་ཚོགས་འདུ་དང་འཕེལ་ཕྱོགས་སྤེལ་རེས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་ཕན་འབྲས་བཟང་པོ་ཐོན་ནས་ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་རྒྱུ་གཞི་རྩའི་ཆ་ནས་ཁྱབ་སྟེ་རྒྱལ་ཡོངས་ཀྱི“བསམ་ཇུས་གཅིག”གྲུབ་ཡོད། མིག་སྔའི་བར་རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་393ཁྲོད་ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲོད་དགོས་པ་191དང་ནད་རིགས་ཀྱི་གྲངས་ཐང་ལ་གཞིགས་ནས་སྨན་རིན་སྤྲོད་དགོས་པ་200ལག་བསྟར་བྱས་ཡོད། ཐེན་ཅིན་དང་ཧྲང་ཧའེ་གཉིས་ལ་སྨན་རིན་སྤྲོད་སྟངས་རིགས་གཉིས་ཀྱི་ཆ་རྐྱེན་འཛོམས་ནས་སྤྱི་འདོམས་ས་ཁུལ་ཡོངས་ལ་ཁྱབ་པ་དང་། ཆ་རྐྱེན་དང་འཚམ་པའི་སྨན་བཅོས་སྒྲིག་གཞི་ཡོངས་ལ་ཁྱབ་པ། ནད་རིགས་ཁྱབ་ཚད་95%ཟིན་པ། སྨན་བཅོས་འགན་བཅོལ་ཐེབས་རྩ་ཁྱབ་ཚད་80%ཟིན་ཡོད་པ་རེད།

    རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཐད་མིག་སྔར་ད་དུང་འགྲན་སློང་འཕྲད་ཅིང་། དེའི་ནང་སྨན་བཅོས་ཀྱི་སྨན་རིན་འཕར་བ་དང་གཏོང་སྤྲོད་བྱེད་སྟངས་ཀྱི་དོ་དམ་དབར་འགལ་བ་གནས་པ། སྤྱི་ཡོངས་ཀྱི་སྒྱུར་བཅོས་སྤུས་ཚད་མཐོར་འདེགས་བྱེད་དགོས་པ། སྒྱུར་བཅོས་ཕྱོགས་མང་གི་མཐུན་སྦྱོར་ནུས་ཤུགས་ཡག་པོ་འདོན་མ་ཐུབ་པ་སོགས་ཚུད་ཡོད། མ་འོངས་པར་སྣ་མང་ཅན་གྱི་གཏོང་སྤྲོད་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལེ་ལག་ཚང་བའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་མགྱོགས་སུ་གཏོང་བ། གཏོང་སྤྲོད་སྒྱུར་བཅོས་ལས་དོན་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤུས་འབྲས་ལེགས་གཉེར་ལ་དམིགས་ནས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།