དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གོ་ལ་ཧྲིལ་པོའི་ལྗིད་ཚད་ཆེ་ཤོས་ཀྱི་དམངས་སྤྱོད་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་འཕུར་འགོ་ཚུགས་པ།

    “ཁུན་འབྲུག”ལ་ཁྲོམ་རའི“ཞུགས་འཐུས་ལག་ཁྱེར”རག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-25

    ཟླ་4ཚེས་20ཉིན། རང་རྒྱལ་གྱིས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་འཕུར་འཐུས་སྒྲིག་སྲོལ་གཞིར་བཟུང་རྦད་དེ་རང་བརྟེན་ཞིབ་བཟོ་བྱས་པའི“ཁུན་འབྲུག”AG600ལ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་སྤྲད་པའི་བཟོ་དབྱིབས་ཚད་མཐུན་ལག་ཁྱེར་ཐོག་མར་ཐོབ་པ་དེ་ཐོག་ནས། གོ་ལ་ཧྲིལ་པོར་ལྗིད་ཚད་ཆེ་ཤོས་ཀྱི་དམངས་སྤྱོད་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུར་ཚད་ལེན་ཚོད་ལྟ་དང་ར་སྤྲོད་ནན་པོ་བྱས་པ་བརྒྱུད། ཞིབ་བཟོ་ལེགས་གྲུབ་བྱུང་ནས་ཁྲོམ་རའི“ཞུགས་འཐུས་ལག་ཁྱེར”རག་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་10ལྷག་ཙམ་འགག་སྒྲོལ་ཞིབ་འཇུག་དང་གསར་བཟོ་ལེགས་གྲུབ་བྱུང་བའི་གནམ་གྲུ“ཁུན་འབྲུག”གི་གཤོག་པའི་རིང་ཚད་ལ་སྨི་38.8དང་། གནམ་གྲུའི་རིང་ཚད་ལ་སྨི་38.9 འཕུར་འགོ་ཚུགས་པའི་ལྗིད་ཚད་ཆེ་ཤོས་ལ་ཏུན་60 ཆུ་ཐེག་ཏུན་12 སྙོམས་འཕུར་གྱི་མྱུར་ཚད་འགོར་ཤོས་ལ་ཆུ་ཚོད་རེར་སྟོང་སྨི་220 ལམ་ཐག་རིང་ཤོས་ལ་སྟོང་སྨི་4500 ཆུ་ཐོག་ཏུ་ཐེངས་གཅིག་བསྐྱོད་པར་ཆུ་འཕེན་ཚད་རྒྱ་ཁྱོན་སྨི་ངོས་གྲུ་4000བཅས་ཡིན་པ་རེད། ཞིབ་བཟོ་བྱས་པ་དེས་རང་རྒྱལ་གྱི་སྐམ་མཚོ་གཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས་ཀྱི་འཐབ་ཇུས་ཀྱི་སྟོང་ཆ་བསྐངས་ནས་རང་རྒྱལ་གྱི་ནགས་ཚལ་མེ་གསོད་དང་ཆུ་ཐོག་རོགས་སྐྱོབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། མཁའ་འགྲུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། རྗེས་མཐུད་ཀྱི་གཙོ་གནད་གནམ་གྲུ་གཞན་དག་གི་གནམ་གྲུའི་བཟོ་དབྱིབས་འཕུར་འཐུས་ཀྱི་ལས་དོན་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་ཡང་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།