ད་ལོ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པར་ཚད་གཞི་ལོན་ཚད་98.3%ཟིན་པ།
དུས་ཚིགས་དང་པོར་ཞིང་ལས་དང་གྲོང་གསེབ་པུས་ད་ལོའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་ནས་སྔོ་ཚལ་དང་། ཤིང་འབྲས། སྒོ་ཕྱུགས་ཁྱིམ་བྱའི་ཐོན་རྫས། ཆུ་ཐོན་ཐོན་རྫས་བཅས་རིགས་ཆེ་གྲས་4ཡི་དངོས་དཔེ་7526ལ་འཐེན་བཤེར་བྱས་པ་དེ་སྣ་ཁ་102དང་དཔྱད་གྲངས་ཁག་131དང་འབྲེལ་བ་ཡོད་པས་ཚད་གཞི་ལོན་ཚད་98.3%ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་དང་པོར་གྲོང་ཁྱེར་ཆེ་འབྲིང་170ཡི་སྔོ་ཚལ་དང་ཤིང་འབྲས་ཐོན་སྐྱེད་རྟེན་གཞི་934དང་། སྔོ་ཚལ་དང་ཤིང་འབྲས་སྐྱེལ་འདྲེན་རླངས་འཁོར་469 བཤས་ར་299 གསོ་ཚགས་ར་བ་169 ཆུ་ཐོན་ཐོན་རྫས་ཀྱི་སྐྱེལ་འདྲེན་རླངས་འཁོར་132 གནས་སྐབས་གསོ་ཚགས་རྫིང་བུ་353 ཞིང་ལས་ཐོན་རྫས་སྡེབ་ཚོང(ཞིང་ཟོག)ཁྲོམ་ར་938བཅས་ལ་འཐེན་བཤེར་བྱས་ཡོད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། སྔོ་ཚལ་དང་། ཤིང་འབྲས། སྒོ་ཕྱུགས་ཁྱིམ་བྱའི་ཐོན་རྫས། ཆུ་ཐོན་ཐོན་རྫས་བཅས་ཚད་གཞི་ལོན་ཚད་98.1%དང་། 97.5% 99.4% 97.2%སོ་སོར་ཟིན་ཡོད་པ་རེད།