དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནོར་སྲིད་པུའུ་ཡིས་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་འགན་འཁྲི་བདའ་འདེད་ཀྱི་གྱོད་དཔེ་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-25

    ཟླ་4ཚེས་18ཉིན། ནོར་སྲིད་པུའུ་ཡིས་འགན་འཁྲི་བདའ་འདེད་བཏང་ཟིན་པའི་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་གྱོད་དཔེའི་ཁྲོད་ནས་དཔེ་མཚོན་གྱོད་དཔེ་6བདམས་ཏེ་ཡོངས་བསྒྲགས་ངང་དམར་འདོན་བྱས་ཡོད། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་ནོར་སྲིད་པུའུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ས་གནས་སྲིད་གཞུང་གི་ཁྲིམས་གཏན་འཁེལ་བའི་བུ་ལོན་དོ་དམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་བསལ་ཡོད་མོད། འོན་ཀྱང་ས་ཁུལ་ཁ་ཤས་སུ་མངོན་མེད་བུ་ལོན་གསར་དུ་འཕར་བ་དང་། མངོན་མེད་བུ་ལོན་སྙན་སེང་ཉུང་ཞུ་དང་ཆད་ཞུ། མངོན་མེད་བུ་ལོན་སེལ་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྔར་བཞིན་ཐོན་གྱི་ཡོད་ཅེས་བརྗོད་པ་རེད།

    ད་རེས་དམར་འདོན་བྱས་པའི་དཔེ་མཚོན་གྱོད་དཔེ་དྲུག་གི་གྲས་སུ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་གྱིས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཀྱི་རྣམ་གྲངས་སྒྲིག་འགལ་ངང་ཟླ་སྒྲིལ་བཏང་བ་དང་དེ་བཞིན་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ལ་དངུལ་བུན་གཡར་ཏེ་མངོན་མེད་བུ་ལོན་སྒོར་དུང་ཕྱུར་6.88གསར་དུ་འཕར་བ་དང་། ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་གྱིས་མངོན་མེད་བུ་ལོན་སྒོར་དུང་ཕྱུར་2.85འགེབས་སྲུང་བྱས་པ། ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སི་གྲོང་ཁྱེར་གྱིས་སྤྱི་ཚོགས་མ་རྩ་ཕྱོགས་ཀྱི་མ་མཐའི་ཁེ་བཟང་ཐོབ་ཆ་དང་། གཏན་འཇགས་ཁེ་བཟང་ཐོབ་ཚད། སྤྱི་ཚོགས་མ་རྩ་ཕྱོགས་ཀྱི་མ་འཇོག་མ་སྐྱེད་ཕྱིར་ཉོ་སོགས་ཁས་བླངས་ནས་མངོན་མེད་བུ་ལོན་སྒོར་དུང་ཕྱུར་15.73གསར་དུ་འཕར་བ། ཧོ་ནན་ཞིང་ཆེན་ཁའེ་ཧྥེང་གྲོང་ཁྱེར་ཆི་རྫོང་ཝུའུ་ལི་ཧོ་གྲོང་རྡལ་གྱིས་གཞུང་ཁོངས་ཁེ་ལས་ཀྱིས་མ་དངུལ་སྔོན་སྤྲོད་བྱེད་དུ་བཅུག་ནས། ཐོག་ཁང་དང་། ཚོགས་ཁང་། མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་བསྐྲུན་ནས་མངོན་མེད་བུ་ལོན་སྒོར་ཁྲི་953.1གསར་དུ་འཕར་བ། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཧྥུའུ་མིན་རྫོང་གིས་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་བརྒྱུད་མ་དངུལ་གྲབས་གསོག་བྱས་ནས། ཐོག་ཁང་དང་། ཚོགས་ཁང་། མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་བསྐྲུན་ཏེ་མངོན་མེད་བུ་ལོན་སྒོར་དུང་ཕྱུར་1.69གསར་དུ་འཕར་བ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་གཞུང་ཁོངས་ཁེ་ལས་བརྒྱུད་ཐད་ཀར་དངུལ་བུན་གཡར་ནས་སྲིད་གཞུང་གི་མངོན་མེད་བུ་ལོན་སྒོར་དུང་ཕྱུར་16.45གསར་དུ་འཕར་བ་བཅས་ཚུད་ཡོད།

    ནོར་སྲིད་པུའུ་ཡིས། མངོན་མེད་བུ་ལོན་གསར་དུ་འཕར་བ་དང་མངོན་མེད་བུ་ལོན་འགེབས་སྲུང་སོགས་ཀྱི་བྱེད་སྤྱོད་ཐད། གནད་དོན་གཅིག་ཤེས་རྟོགས་བྱུང་མ་ཐག་ཞིབ་གཅོད་བྱེད་པ་དང་འགན་འཁྲི་བདའ་འདེད་བཏང་ནས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།