གོ་ལ་ཧྲིལ་པོའི་མི་གཟུགས་འཕྲུལ་མིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཐོག་མ་པེ་ཅིང་དབྱི་ཀྲོང་ནས་རྒྱུག་འགོ་ཚུགས་པ།
འདི་ནི་ཐན་ཀུང་Ultraའཕྲུལ་མིས་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། གོ་ལ་ཧྲིལ་པོའི་མི་གཟུགས་འཕྲུལ་མིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཐོག་མ་སྟེ། 2025ལོའི་པེ་ཅིང་དབྱི་ཀྲོང་ལམ་ཕྱེད་མར་སུན་འགྲན་རྒྱུག་དང་མི་གཟུཌ་འཕྲུལ་མིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་པེ་ཅིང་དབྱི་ཀྲོང(པེ་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ)ནས་རྒྱུག་འགོ་ཚུགས་པ་རེད།
ད་ཐེངས་འགྲན་བསྡུར་གྱི་ལམ་ཐག་ལ་སྤྱི་ལེ་21.0975ཡོད་པ་དེ“མི་དང་འཕྲུལ་མི་མཉམ་དུ་རྒྱུག་པའི”རྣམ་པ་སྤྱད་ཡོད་ཅིང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཉིང་ཤ་སོགས་ནས་ཡོང་བའི་མི་གཟུགས་འཕྲུལ་མིའི་འགྲན་བསྡུར་རུ་ཁག་20དང་མིའི་རིགས་ཀྱི་བདམས་ཐོན་པ་ཚོས་ལམ་ཐིག་གཅིག་པ་དང་དུས་མཉམ་དུ་རྒྱུག་འགོ་ཚུགས་ཡོད་ཀྱང་། ཁེར་རྐྱང་གི་འགྲན་ལམ་བཀོད་སྒྲིག་བྱས་ཡོད་པ་རེད།
འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། ཐན་ཀུང་རུ་ཁག་གི་ཐན་ཀུང་Ultraའཕྲུལ་མིས་ཆུ་ཚོད་2དང་སྐར་ཆ་40དང་སྐར་ཆ་42ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། སུང་ཡན་སྒུལ་ཤུགས་བྱིས་པའི་རུ་ཁག་དང་འགྲུལ་བཞུད་པ་ཨང་གཉིས་པའི་རུ་ཁག་གིས་ཨང་གཉིས་པ་དང་གསུམ་པ་སོ་སོར་བླངས་པ་རེད།