དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷག་པ་ཚེ་རིང་གིས་བརྗོད་དོན།

    ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཕྲག་ཏུ་འཁུར་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-25

    ཡར་ཀླུང་གཙང་འགྲམ་གྱི་རི་ཀླུང་མཛེས་ལ་གང་སར་ཤུག་པས་བརྒྱན་ཞིང་། གཙང་ཆུ་ལང་ལང་དུ་རྒྱུ། ཞིང་ཆེན་ལམ་306ཉེ་འགྲམ་དུ་གནས་པ་དང་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་རྫོང་གྲོང་དང་བར་ཐག་སྤྱི་ལེ་23སར་ཡོད་པའི་ལ་ཐོག་ཤང་རྩ་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་ལ། གནས་ཡུལ་ཁྱད་དུ་འཕགས་པ་དང་། ཁྱོན་དུད་ཚང་40དང་མི་གྲངས་138ཡོད། ལྷག་པ་ཚེ་རིང་གིས་ས་ཆ་དེར་ལེགས་སྐྱེས་ཕུལ་ནས་ད་བར་ལོ་16ཕྱིན་པ་དང་མང་ཚོགས་དཀྱུས་མ་ཞིག་ནས་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་ཞིག་ཏུ་འཚར་ལོངས་བྱུང་།

    “ཀྲུང་གོ་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་མིན་དེ་ང་ཚོ་ཞིང་འབྲོག་མང་ཚོགས་ལ་གཏམ་བཤད་བྱེད་དབང་ཡོད”ཅེས་ལྷག་པ་ཚེ་རིང་གིས་རྒྱུན་དུ་ཤོད་ཀྱི་ཡོད།

    2007ལོར་དམའ་རིམ་སློབ་འབྲིང་གཉིས་པ་འགྲིམ་བཞིན་པའི་ལྷག་པ་ཚེ་རིང་གིས་རྩ་གྲོང་ཚོའི་གནས་སྤོས་འགྱུར་ལྡོག་ལ་དཔང་པོ་བྱས་ཤིང་། སྔོན་མའི་སོ་ཕག་གི་སྡོད་ཁང་ད་ཆ་གུ་ཡངས་ལ་དཀར་ཆ་དོད་པའི་བོད་བཟོའི་ཁང་པར་བསྐྲུན་པ་དང་། སྔོན་མའི་ས་རྡོའི་ལམ་ད་ཆ་གཙང་ཞིང་རྒྱ་ཆེ་བའི་ཨར་འདམ་ལམ་ལ་བསྐྲུན་ཡོད། དུས་དེ་ནས་བཟུང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འཇལ་རྒྱུའི་དམ་བཅའ་བཞག

    དམའ་རིམ་སློབ་འབྲིང་ཐོན་རྗེས། ཁོང་གིས་རྩ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་བྱས་ནས་ཕ་ཡུལ་འཛུགས་སྐྲུན་ལ་གཞོལ་རྒྱུའི་དམ་བཅའ་བཞག་སྟེ། གྲོང་ཚོའི་ཀྲུའུ་རེན་གཞོན་པ་དང་། ཏང་ཀྲི་པུའི་ཧྲུའུ་ཅི། ཤང་མི་དམངས་འཐུས་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་བཅས་བྱས་པ་དང་ད་བར་ལོ་16ཏག་ཏག་ཕྱིན་ཡོད། ལོ་16རིང་རྩ་གྲོང་ཚོ་གྲོང་ཚོ་དབུལ་པོ་ཞིག་ནས་ད་ཆ་ཕྱུག་འགྱུར་གྲོང་ཚོ་དང་དཔེ་སྟོན་གྲོང་ཚོར་གྱུར་ཞིང་། 2020ལོར་རྩ་གྲོང་ཚོའི་ཏང་ཀྲི་པུའུ་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱའི་གྲས་སུ་བདམས་པ་རེད།

    རྩ་གྲོང་ཚོ་གནས་སྤོས་བྱས་རྗེས། མི་རེའི་ཆ་སྙོམས་རྨོ་ཞིང་མུའུ་0.6ཡང་མི་ཟིན་པ་དང་། ཐོན་ཁུངས་དཀོན་པས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཇི་ལྟར་བྱ་རྒྱུ་ནི་ལྷག་པ་ཚེ་རིང་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་པོ་དེ་རེད། 2014ལོར་ལྷག་པ་ཚེ་རིང་གིས་གྲོང་ཚོའི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཟུར་མཁར་སྨན་སྤོས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ལོ་མཇུག་ཏུ་ལ་ཐོག་ཟུར་མཁར་སྨན་སྤོས་བཟོ་གྲྭའི་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་ནས་རྩ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་འགོ་ཚུགས།

    ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི་ལས་ལ་གཞོལ་ཞིང་། 2020ལོར་རྩ་གྲོང་ཚོས་སྨན་རྒྱུ་འདེབས་འགོ་ཚུགས་པ་དང་། 2022ལོར་རྩ་གྲོང་ཚོས་ཁམ་སྡོང་རྟེན་གཞི་བསྐྲུན་ནས་ཁམ་སྡོང་རྐང་ཁྲི་10ལྷག་ཙམ་བཏབ་པ། 2023ལོར་རྩ་གྲོང་ཚོའི་རྒྱགས་གསོའི་རྟེན་གཞི་བསྐྲུན་ནས་སྤྱོད་འགོ་ཚུགས་པ། ལོ་དེར་རྫོང་གྲོང་དུ་རྩ་གྲོང་ཚོའི་ཚགས་ཤ་ཚོང་ཁང་བཙུགས་ནས་སྒོ་ཕྱེ་བ་བཅས་བྱས་ཡོད།

    གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ལ་དེ་བས་ལེགས་པའི་རམ་འདེགས་བྱ་ཆེད། དམའ་རིམ་སློབ་འབྲིང་གི་སློབ་རྒྱུས་ལས་མེད་པའི་ཁོང་གིས་རྒྱ་སྐད་ཧུར་ཐག་སྦྱངས་ཏེ“ཁྱུག་དབྱིངས”ཐོག་རྒྱ་སྐད་ཐོག་ནས་རྩ་གྲོང་ཚོའི་ཟུར་མཁར་སྨན་སྤོས་འཚོང་བ་དང་། དྲ་ཐོག་ནས་རྩ་གྲོང་ཚོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་བ། ཕྱུགས་ནད་སྨན་བཅོས་སྦྱངས་ནས་རྒྱགས་གསོའི་རྟེན་གཞིའི་འབྲི་གཡག་ལ་སྨན་བཅོས་དང་སྡེབ་སྦྱོར་སོགས་བྱས་པ་མ་ཟད། ཐ་ན་གྲོང་ཚོའི་ཁམ་སྡོང་རྟེན་གཞིའི་ལག་རྩལ་པར་ཡང་གྱུར་ཡོད།

    2017ལོར། དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་མཁན་ཚེ་རིང་བསམ་གྲུབ་ལ་སྟབས་མ་ལེགས་པར་རྨས་སྐྱོན་ཕོག་ནས་སྨན་རིན་སྤྲོད་མི་ཐུབ་པའི་སྐབས་སུ་ལྷག་པ་ཚེ་རིང་གིས་སྒོར་ཁྲི་2ལྷག་ཙམ་སྔ་རྟིང་བཏང་བ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཞལ་འདེབས་བརྒྱབ་ནས་སྨན་རིན་སྒོར་7000ལྷག་ཙམ་གྲབས་གསོག་ཐུབ་ཡོད།

    ལྷག་པ་ཚེ་རིང་གིས་ཏང་ཡོན་ཚོའི་སྣེ་ཁྲིད་དེ་སྨི་ངོས་གྲུ་120ཟིན་པའི་མཛོད་ཁང་བསྐྲུན་པ་དང་། མིག་གཉིས་ཀ་ལོང་བའི་རྒན་རྒོན་དང་། ཏང་ཡོན་རྒན་གྲས། དཀའ་ངལ་ཡོད་པའི་རྒན་རྒོན་བཅས་ཀྱི་ཁྱིམ་དུ་རིན་མེད་པང་གཅལ་བཏིང་བ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་་ཁང་པ་ཉམས་བཟོ་བྱེད་རོགས་བྱས་ནས། གསང་སྤྱོད་དང་ཁྲུས་ཁང་སོགས་ལོགས་སུ་བསྐྲུན་པ། ལོ་ལྟར་གྲོང་ཚོའི་སློབ་ཆེན་སློབ་མར་སློབ་རོགས་དངུལ་སྒོར་2000ཞལ་འདེབས་བརྒྱབ་པ་བཅས་བྱས་ཡོད།

    ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་རྩ་གྲོང་ཚོའི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་ཅིང་། ཁོང་ལ“གཞོན་ནུའི་གསར་གཏོད་ལས་གཏོད”ཀྱི་བྱ་དགའ་རིམ་པ་གསུམ་པ་དང“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཞིང་ཕན་གྲོང་དར་སྣེ་ཁྲིད་པའི”གཟི་བརྗིད་མཚན་སྙན་ཐོབ་སྐབས་བྱ་དགའི་དངུལ་སྒོར་ཁྲི་9ཚང་མ་གྲོང་ཚོའི་མཉམ་སྡེབ་ལ་ཞལ་འདེབས་བརྒྱབ་པ་རེད།

    ལོ་16རིང་ཁོང་གིས་གཞི་རིམ་དུ་སྦྱོང་བརྡར་དང་གཞི་རིམ་དུ་འཚར་ལོངས་ཡོང་བར་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཕྱུག་འགྱུར་དང་ཐབས་བརྒྱ་ཇུས་སྟོང་གིས་མི་སེར་གྱི་དཀའ་ངལ་བསལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལེགས་པར་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།