དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས། བདེ་སྐྱིད་འཚོ་བ་གསར་པར་རོལ།

    —— སྦྲ་གུར་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་པ་ནོར་བཟང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-25

    ནོར་བཟང་གིས་བཙེམས་ཚར་བའི་སྦྲ་གུར་གྱི་སྤུས་ཚད་ལ་ལྟ་བཞིན་པ།

    ནོར་བཟང་གིས་སྦྲ་གུར་འཚེམ་བཞིན་པ།

    མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་སྤར་ཁ་གྲོང་ཚོའི་ཟུར་ཞིག་ཡིན་པ།

    འབྲི་གཡག་གསོ་ཚགས་ནི་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་སྤར་ཁ་གྲོང་ཚོའི་ཀ་རྟེན་ཐོན་ལས་ཡིན་ཞིང་། འབྲི་གཡག་གི་རྩིད་པས་ཡུལ་དེའི་ཞིང་འབྲོག་མང་ཚོགས་ལ་སྦྲ་གུར་བཟོ་བར་མ་བཅོས་རྒྱུ་ཆ་འདང་ངེས་མཁོ་འདོན་བྱས་ཡོད། ནོར་བཟང་གི་ཁྱིམ་ལ་འབྲི་གཡག་མགོ་གྲངས་100ལྷག་ཙམ་ཡོད་པ་དེ་ཁོ་ཚོའི་ཁྱིམ་གྱི་འཚོ་རྟེན་གཙོ་བོ་རེད། མི་རབས་ནས་མི་རབས་བརྒྱུད་པའི་ལག་རྩལ་རྒྱུན་འཛིན་ཡག་པོ་བྱ་ཆེད། ནོར་བཟང་གིས་ཆུང་བྱིས་པའི་དུས་ནས་ཕ་མེས་དྲུང་ནས་སྦྲ་གུར་འཚེམ་སྟངས་སྦྱངས་པ་མ་ཟད། བྱང་ཆུབ་པའི་ལག་རྩལ་དེར་བརྟེན་ནས་གྲོང་ཚོའི་ལག་རྩལ་པའི་མིག་དཔེར་གྱུར། ལག་རྩལ་དེ་ཁྱབ་གདལ་གཏོང་ཆེད། ནོར་བཟང་གིས་དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་རོགས་རེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒེར་སེམས་མེད་པར་ཉེ་འཁོར་གྱི་ཡུལ་མིར་ལག་རྩལ་མཛུབ་ཁྲིད་བྱས་ནས་སྲོལ་རྒྱུན་ལག་རྩལ་ཕན་ཚུན་རོགས་རེས་ཁྲོད་རྒྱུན་འཛིན་ཐུབ་པར་བྱས་པས། ཡུལ་མི་སྤུན་ཟླ་ཚོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།

    ནོར་བཟང་གི་བཟའ་ཟླ་ཚེ་རིང་སྒྲོལ་མས“ལོ་ཁ་ཤས་གོང་འགྲིམ་འགྲུལ་སྟབས་བདེ་མེད་པས་ཞིང་ལས་ཚར་རྗེས་རྐང་ཐང་མར་འབྲོག་རར་བསྐྱོད་དེ་འབྲི་གཡག་རྩྭ་ཆུ་བཟང་སར་འཚོ་བར་འགྲོ་དགོས་སྟབས། ལས་འབོར་མང་ལ་དཀའ་ལས་ཁག་པོ་འདུག”ཅེས་བཤད་པ་དང་། ཁོང་གིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་དགའ་ཚོར་ཆེན་པོས་གསར་འགོད་པར“ད་ཆ་སྐྱིད་པོ་རེད། གཞུང་ལམ་སྒོ་རྩར་ཤར་གཏོང་ཐུབ་པ་དང་ཁྱིམ་ཚང་ཚང་མར་རླངས་འཁོར་ཡོད་པས་རི་ལ་ཕྱུགས་རྫིར་འགྲོ་སྐབས་སྟབས་བདེ་ལ་དུས་ཚོད་ཀྱང་དམ་འཛིན་བྱེད་ཐུབ”ཅེས་བཤད། ད་ཆ་སྤར་ཁ་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས། ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག སྤར་ཁ་གྲོང་ཚོ་དེ་ཉིད་དེང་རབས་ཅན་གྱི་ཤེས་དཔལ་དང་གང་མགྱོགས་འབྲེལ་མཐུད་ཐུབ་པ་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཉམ་འདྲེས་ཐུབ་པར་སྐུལ་འདེད་ཐེབས་བཞིན་ཡོད།

    འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས། འབྲོག་པ་མང་ཚོགས་ཀྱི་དུས་ཚོད་ཁོམ་པ་མང་དུ་སོང་ཞིང་། སྦྲ་གུར་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་ལ་བློ་གཅིག་སེམས་གཅིག་བྱེད་མཁན་ནོར་བཟང་ལའང་དེ་བས་རྒྱང་རིང་གི་འབད་འཐབ་དམིགས་ཚད་ཡོད་པ་སྟེ། སྦྲ་གུར་འཚེམ་བཟོའི་ལག་རྩལ་དེ་ཉིད་མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་བྱས་ནས། བོད་མི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་ས་མཐོ་ནས་དེ་བས་ཡངས་པའི་ཁྲོམ་རར་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།