དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་གིས་དཔེ་ཀློག་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-25

    ཟླ་4ཚེས་23ཉིན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭ་དང་མཉམ་དུ“གངས་ལྗོངས་ས་མཐོར་རིག་དཔལ་དར། དཔྱིད་དཔལ་བཞད་དུས་དཔེ་ཀློག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་དཔེ་དེབ་ཀློག་བཞིན་པ།

    ཟླ་4ཚེས་23ཉིན། ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་ཤ་གསར་ཟུར་སྡེ་ཁུལ་གྱིས“ང་དང་དཔེ་དེབ་མཉམ་དུ་འགྲོགས། རིག་དཔལ་སྡེ་ཁུལ་ཡོངས་ལ་ཁྱབ”ཅེས་པའི་དཔེ་ཀློག་གི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། འདི་ནི་སྡེ་ཁུལ་གྱི་ལས་དོན་པས་དཔེ་ཀློག་གི་མྱོང་བ་གླེང་བཞིན་པ།

    ཟླ་4ཚེས་23ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་དང“རིག་དཔལ་ཁྲེང་ཀོན། ཤེས་དཔལ་ཀུན་ཁྱབ”ཅེས་པའི་དཔེ་ཀློག་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་ཞིང་། འདི་ནི་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་སྒྲོག་འགྲེལ་པས《ཉི་མ་ཤར་བའི་ཕྱོགས་སུ་ལྟ》ཞེས་པ་སྐད་གསང་མཐོན་པོས་ཀློག་བཞིན་པ།

    ཟླ་4ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་30པ་ཡིན་པས། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ། བརྗོད་དོན་ཁ་གསལ་བ་བཅས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ནས་ལྗོངས་ཡོངས་སུ་རིག་དཔལ་དར་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    ཟླ་4ཚེས་23ཉིན་གྱི་སྔ་དྲོར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང(བོད་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང)གིས་གཙོ་གཉེར་བྱས་པའི“དཔེ་ཀློག་བློ་སྦྱོང་གིས་ལོ་དྲུག་ཅུ་བསུ། དུས་རབས་གསར་པར་ལང་ཚོའི་ཕུགས་འདུན་གཉེར”ཞེས་པའི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་དཔེ་སྟོན་གྱི་བྱེད་སྒོ་ལྷ་ས་ལྟེ་བའི་དཔེ་དེབ་གྲོང་དུ་གཉེར་བ་དང་། བྱེད་སྒོས“ཕུལ་བྱུང་བརྩམས་ཆོས་རྒྱུན་འཛིན་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། ལང་ཚོའི་ཕུགས་འདུན་གཉེར་བ”བཅས་གཙོ་རྐང་དུ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་བྱེད་སྟངས་དང་གསར་གཏོད་མྱོང་རོལ་བརྒྱུད་གཞོན་ནུ་ལོ་ཆུང་ལ་དབྱིངས་ཞུགས་རྣམ་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    ཟླ་4ཚེས་23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་30པའི་སྐབས་སུ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས“རིག་དཔལ་དར་བའི་མལ་གྲོ། དམངས་ཡོངས་དཔེ་ཀློག་ལ་རོལ”ཞེས་པའི་བརྗོད་དོན་གཙོ་བོའི་འཛམ་གླིང་དཔེ་ཀློག་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོར་ཞུགས་མཁན་ཚོས་ཧུར་སེམས་ཆེན་པོས་སྟེགས་བུར་འཛེགས་ནས་དཔེ་ཀློག་གི་མྱོང་བ་མཉམ་སྤྱོད་ཀྱིས་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ལ་མཚན་ཉིད་རིག་པའི་བསམ་གཞིག་བྱེད་པ་ནས་སྤྱི་ཚོགས་དང་ཚན་རིག་གི་བརྩམས་ཆོས་ལ་ཉམས་ཞིབ་བྱེད་པའི་བར། རང་ཉིད་ཀྱི་མྱོང་བ་གང་བསམ་ལྷུག་གླེང་བྱས་པས་ཚང་མར་སེམས་ཚོར་དྲག་པོ་བྱུང་ཡོད།

    2025ལོའི“རིག་དཔལ་དར་བའི་བོད་ལྗོངས”དམངས་ཡོངས་དཔེ་ཀློག་དང་ལྷོ་ཁ་གྲོང་ཁྱེར་གྱི“དུས་རབས་གསར་པར་དཔེ་ཀློག་ལ་རོལ། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་བརྡ་ལན་ཧུར་ཐག་ཞུས་ཏེ། “དུས་རབས་གསར་པར་དཔེ་ཀློག་ལ་རོལ། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དཔེ་ཀློག་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ཟླ་4ཚེས་20ཉིན་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སློབ་འབྲིང་གིས་གྱེར་འདོན་འགྲན་བསྡུར་བྱས་པ་དང་། འགྲན་བསྡུར་ནང་བདམས་ཐོན་པས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་མཚོན་པའི་དེང་རབས་ཀྱི་སྙན་ཚིག་དང་ལྷུག་རྩོམ་སོགས་བརྩེ་བ་ཟབ་མོས་གྱེར་འདོན་བྱས་པར་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    ཟླ་4ཚེས་22ཉིན། “དེ་རིང་། མེ་ཏོག་རྫོང་སྐོར་གྱི་ཤོག་ལྷེ་འདི་ཁ་ཕྱེ་རོགས”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་ཀློག་བྱེད་སྒོ་མེ་ཏོག་རྫོང་གི་པད་མ་བཀོད་དེབ་ཁང་དུ་གཉེར་ཞིང་། བྱེད་སྒོར་མཉམ་དུ་དཔེ་ཀློག་དང་། མཉམ་དུ་གཏམ་རྒྱུད་གསར་རྩོམ། ལྟ་བ་ལ་བསམ་གཞིག་བཅས་ལྷུ་ཚིགས་ཆེན་པོ་གསུམ་ཡོད་པར་མང་ཚོགས་ཚོའི་ཡིད་དབང་བཀུག་སྟེ། ཕྱོགས་མང་པོ་ནས“སྦས་ཡུལ་མེ་ཏོག”གི་རིག་གནས་དང་འབྱུང་འགྱུར་སྐོར་འཚོལ་ཞིབ་ཀྱང་བྱས་པ་རེད།

    ཟླ་4ཚེས་23ཉིན། “རིག་དཔལ་དར་བའི་ཆབ་མདོ་འཛུགས་སྐྲུན་བྱེད། འོད་སྟོང་འབར་བའི་ལོ་དྲུག་ཅུ་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་2025ལོ་འཁོར་གྱི“རིག་དཔལ་དར་བའི་ཆབ་མདོ”ཡི་དམངས་ཡོངས་ཀྱི་དཔེ་ཀློག་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཁ་རུབ་ཆུས་ཇ་རྟའི་ཐང་ཆེན་དུ་འཚོགས་ཡོད། ཉིན་དེར་ད་དུང་ལྷོ་རོང་རྫོང་གི“འཆལ་རྡུང་ལོག་སེལ”འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རྫོང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། རྫོང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་། དེ་བཞིན་ཤོ་པ་མདོ་གྲོང་རྡལ་སློབ་ཆུང་བཅས་ཀྱིས“དུས་རབས་གསར་པར་དཔེ་ཀློག་བྱེད། རིག་དཔལ་དར་བའི་ལྷོ་རོང་སྐྲུན”ཅེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་དང“དཔེ་འཛར་ལྗང་ཁུའི་བྱ་སྤྱོད”སྤེལ་འགོ་ཚུགས་པའི་མཛད་སྒོའང་གཉེར་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཞྭ་མོ་དང་། ཆུ་ཕོར། ཁུག་མ་སོགས་དྲིལ་བསྒྲགས་ཐོན་རྫས་400ལྷག་ཙམ་དང་། དེ་བཞིན《དམངས་དོན་ཁྲིམས་གཞུང》(གཞོན་ནུ་ལོ་ཆུང་གི་བར་འཇུག་རི་མོ)སོགས་ཁྲིམས་སྐྱོང་སྐོར་གྱི་ཀློག་དེབ་200ལྷག་ཙམ་སྤྲད་པ་མ་ཟད། དགེ་སློབ་700ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    ཟླ་4ཚེས་23ཉིན། “ཞང་ཞུང་གི་གནའ་ཉམས། རིག་དཔལ་དར་བའི་མངའ་རིས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་ཤེས་བྱའི་བདག་དབང་དང་པར་དབང་གི་དྲིལ་བསྒྲགས་བྱེད་སྒོ་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞང་ཞུང་རིག་གནས་ཐང་ཆེན་དུ་སྤེལ་བ་དང་། ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་ས་གནས་ས་ཐོག་ཏུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། བྱེད་སྒོ་སྤེལ་ཡུལ་དུ་དཔེ་ཀློག་མིང་འགོད་དང་། དཔེ་དེབ་འོས་འཚོང་། དཔེ་དེབ་ཀྱི་མུན་སྒམ། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སོགས་བྱ་ཡུལ་བཀོད་སྒྲིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།