དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡིས་བརྗོད་དོན།

    ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རམ་འདེགས་བྱས་ནས་ས་ཁོངས་མཉམ་སྦྲེལ་མཉམ་མཐུད་ཟབ་ཏུ་བཏང་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་18ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མའེ་ཁེ་པ་ཡེ་ཕུའུ་ཡིས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་རུ་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཚུན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་རམ་འདེགས་བྱས་ནས་ས་ཁོངས་མཉམ་སྦྲེལ་མཉམ་མཐུད་ཟབ་ཏུ་བཏང་ཡོད་ཅེས་བརྗོད་པ་རེད།

    ཡེར་མའེ་ཁེ་པ་ཡེ་ཕུའུ་ཡིས། ཀྲུང་གོ་ཕྱོགས་ཀྱིས“‘ཧྲང་ཧའེ་ཡི་སྙིང་སྟོབས’དར་སྤེལ་བཏང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་སྤྱོད་སྤེལ”ཞེས་པ་འབོད་ཚིག་ཏུ་བྱས་པ་དེ་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་འཛུགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་ལུགས་མཚོན་ཡོད་ལ། ཁོངས་མིའི་རྒྱལ་ཁབ་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་ཟབ་མོ་ཡང་མངོན་ཡོད་ཅེས་བརྗོད་པ་རེད།

    ཡེར་མའེ་ཁེ་པ་ཡེ་ཕུའུ་ཡིས། 2025ལོ་ནི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལོ་ཞིག”རེད། ཀྲུང་གོས་བརྗོད་དོན་གཙོ་བོ་དེར་དམིགས་ཏེ། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེ་ཐོག་ནས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་དབར་ཡུན་རིང་བསྟུན་མཁས་རང་བཞིན་ཆེ་རུ་གཏོང་བའི་ཀྲུང་གོའི་ཁས་ལེན་མཚོན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།