རྒྱལ་སྤྱིའི་མཛའ་གྲོགས་མི་སྣ“ཀྲུང་ཧྭའི་ཡི་གེའི་གྲོང་ཁྱེར”དུ་འཛོམས་ནས་རུས་བརྐོས་ཡི་གེའི་འོད་སྟོང་འཕྲོ་བའི་ཤེས་དཔལ་ཉམས་སུ་མྱོང་བ།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གསུམ་གྱི་2025ལོའི་ཀྲུང་གོ(ཨན་དབྱང)རྒྱལ་སྤྱིའི་རྒྱ་ཡིག་ཚོགས་ཆེན་འགོ་ཚུགས་མཛད་སྒོ་དབྱིན་ཤུའེ་རྟེན་མཛོད་ཁང་དུ་འགོ་ཚུགས་ཤིང་། ཧྥ་རན་སེ་དང་། འཇར་མན། ཐུར་ཁེ། རི་པིན། ཧན་གོ ཝེ་ཐེ་ནམ་སོགས་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ནས་ཡོང་བའི་ཡི་གེ་དང་རིག་གནས་ཀྱི་རིགས་གཅིག་མཁས་ཅན་དང་། སྐད་གྲགས་ཆེ་བའི་རྒྱ་རིག་པ་མཁས་ཅན། རྒྱལ་ནང་གི་མཐོ་སློབ་གྲགས་ཅན་གྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་ཕྱི་སྦྱོང་སློབ་མ། ཕྱི་རྒྱལ་གྱི་རྒྱ་ཡིག་སློབ་གསོའི་སྒྲིག་གཞིའི་འཐུས་མི་བཅས་300ལྷག་ཙམ“ཀྲུང་གོའི་ཡི་གེའི་གྲོང་ཁྱེར”ཨན་དབྱང་དུ་འཛོམས་ནས་ཀྲུང་ཧྭའི་རྒྱ་ཡིག་རིག་གནས་ཀྱི་དགའ་སྟོན་ལ་མཉམ་དུ་ཞུགས་པ་རེད། འདི་ནི་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཙི་ཝེ་སློབ་ཆུང་དུ་རྒྱ་གར་ཤར་ཕྱོགས་ཀྱི་བྷང་ག་ལ་མངའ་སྡེ་ནུབ་མའི་རྒྱལ་སྤྱིའི་ཕྱི་སྦྱོང་སློབ་མ་ཏུའུ་ཤིན་ཡ(རྒྱ་ཡིག་གི་མིང)ཡིས་སྤུ་སྨྱུག་སྤྱད་ནས་རུས་བརྐོས་ཡི་གེ་འབྲི་བཞིན་པ།