ཀྲེ་ཅང་དུ་ཀྲུང་གོ་དབྱི་ཝུའུ་རྒྱལ་སྤྱིའི་ལྕགས་རིགས་གློག་ཆས་སྟོན་ཚོགས་སྐབས་དགུ་པ་འགོ་ཚུགས་པ།
ཟླ་4ཚེས་20ཉིན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དུ་དུས་ཡུན་ཉིན་གསུམ་གྱི་ཀྲུང་གོ་དབྱི་ཝུའུ་རྒྱལ་སྤྱིའི་ལྕགས་རིགས་གློག་ཆས་སྟོན་ཚོགས་སྐབས་དགུ་པ་དབྱི་ཝུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་ངོ་འཕྲད་གྲོས་མོལ་དང་ཉོ་སྒྲུབ་བྱེད་པར་སླེབས་ཡོད། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོ་དབྱི་ཝུའུ་རྒྱལ་སྤྱིའི་ལྕགས་རིགས་གློག་ཆས་སྟོན་ཚོགས་སྐབས་དགུ་པར་སྨན་གཏོར་འཕྲུལ་ཆས་ཉོ་སྒྲུབ་ཐད་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།