“ལིན་ཅ་ཨང་7པའི་མགྲོན་གཏུག”གི་བརྡ་གཏོང་ཚོགས་འདུས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དོན་སྙིང་ཟབ་མོར་དམིགས་པ།
ཚེས་21ཉིན། ཀྲུང་གོ་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་ཀྱིས་པེ་ཅིང་དུ“ལིན་ཅ་ཨང་7པའི་མགྲོན་གཏུག”དཔལ་འབྱོར་ཆེད་དོན་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། པེ་ཅིང་སློབ་ཆེན་གྲུབ་ཆ་གསར་པའི་དཔལ་འབྱོར་རིག་པ་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིན་དབྱི་ཕུའུ་ཡིས་ཀྲུང་གོའི་དཔལ་འབྱོར་གྱི་དུས་ཡུན་འབྲིང་རིང་འཕེལ་རྒྱས་ཀྱི་མདུན་ལམ་དང་དགེ་མཚན་ལྡན་པའི་ཆ་རྐྱེན་སོགས་ལ་དམིགས་ནས་ལྟ་བ་མཉམ་སྤྱོད་བྱས་པ་དང་མིག་སྔའི་ངེས་གཏན་ཡེ་ནས་མེད་པའི་འཛམ་གླིང་གི་དུས་བབ་འོག ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དོན་སྙིང་ཟབ་མོར་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་མ་ཟད། འབྲེལ་ཡོད་ཀྱི་གླེང་མང་བའི་གླེང་གཞི་མང་པོའི་སྐོར་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱི་གསར་འགོད་པ་དང་སྤེལ་རེས་བྱས་པ་རེད།