དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་ཕ་རི་སིར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-24

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་ཀྲུང་གོ་དང་ཧྥ་རན་སེའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས(འཁོར་འབྲེལ་སྟོན་ཚོགས)སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་ཧྥ་རན་སེའི་རྒྱལ་ས་ཕ་རི་སི་རུ་འཚོགས་ཤིང་། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་ཡོད་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མི་120ལྷག་ཙམ་ཞུགས་ཡོད་པ་རེད།

    ཀྲུང་གོར་ཡོད་པའི་ཧྥ་རན་སེའི་བཟོ་ཚོང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཅིང་ལི་ཁཱ་ལོ་ལིན·ཕེ་ནར་གྱིས། བྱེད་སྒོ་དེ་ཐོག་ནས་ཧྥ་རན་སེ་དང་ཀྲུང་གོའི་བཟོ་ཚོང་ལས་རིགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ལས་དང་སྐྱེ་ཁམས་མ་ལག་དབར་འབྲེལ་ཟམ་དང་འབྲེལ་ཐག་འཛུགས་པའི་ཐུན་མོང་གི་འདུན་པ་མཚོན་ཡོད། མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པས་གོ་སྐབས་གསར་པ་རྙེད་པ་དང་ཐོན་ལས་འཁོར་འབྲེལ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།