ཚ་ལ་རྒྱག་སྐབས“མི་ཆོག་པ་བཅུ”བློ་ལ་བརྟན་པོར་ངེས་དགོས།
བདེ་འཇགས་དོ་དམ་བྱེད་སྐབས་མེའམ་ཡང་ན་མེ་སྟག་ཐོན་བཟོ་ཡོད་པའི་ཉམས་བཟོའི་ལས་ཀ་ཚང་མ་མེ་སྤྱོད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། ཚ་ལ་རྒྱག་སྐབས་མེ་སྟག་གང་སར་ཐོར་གྱི་ཡོད་པས། ཡིད་གཟབ་མ་བྱས་ཚེ་མེ་སྐྱོན་ནམ་ཡང་ན་འབར་གས་ཀྱི་དོན་རྐྱེན་ཐོན་སླ།
གཅིག ཚ་ལ་རྒྱག་སྐབས་ཀྱི“མི་ཆོག་པ་བཅུ”
1.དམིགས་བསལ་ལས་རིགས་ཀྱི་ལག་ཁྱེར་མེད་མཁན་གྱིས་ཚ་ལ་རྒྱག་མི་ཆོག
2.རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མེ་སྤྱོད་ཀྱི་ཁོངས་སུ་གཏོགས་པའི་ཚ་ལ་རྒྱག་དགོས་ཚེ། མེ་སྤྱོད་ཀྱི་ཞིབ་མཆན་འགྲོ་ལུགས་མ་གཉེར་བར་ཚ་ལ་རྒྱག་མི་ཆོག
3.ཚ་ལ་རྒྱག་མཁན་གྱིས་ཚ་ལ་རྒྱག་སའི་མཐའ་འཁོར་གྱི་གནས་ཚུལ་མ་ཤེས་པར་ཚ་ལ་རྒྱག་མི་ཆོག
4.ཚ་ལ་རྒྱག་མཁན་གྱིས་ཚ་ལ་རྒྱག་དངོས་ཀྱི་ནང་ཁུལ་དུ་རྐྱེན་ངན་ཡོད་མེད་མ་ཤེས་པར་ཚ་ལ་རྒྱག་མི་ཆོག
5.སོལ་རླངས་དང་དུག་བླུགས་པའི་སྣོད་ཆས་གཙང་མ་མ་བཀྲུས་པ་དང་ཉེན་ཁ་གཙང་སེལ་མ་བྱས་གོང་ཚ་ལ་རྒྱག་མི་ཆོག
6.འབར་སླ་བའི་རྒྱུ་ཆས་བཟོས་པའི་དྲོད་སྲུང་བང་རིམ་དང་། གྲང་བཟོའི་བང་རིམ། ཚ་གཅོད་སྒྲིག་ཆས་བཅས་སམ་ཡང་ན་མེ་སྟག་ཐོར་སའི་གནས་སུ་བདེ་འཇགས་ཀྱི་བྱེད་ཐབས་མ་སྤྱད་གོང་ཚ་ལ་རྒྱག་མི་ཆོག
7.ཁ་བཀག་པའི་མདོང་ལམ་དང་སྣོད་ཆས་ལ་ཚ་ལ་རྒྱག་མི་ཆོག
8.ཚ་ལ་རྒྱག་སའི་ཉེ་འགྲམ་དུ་འབར་སླ་བའི་དངོས་པོ་ཡོད་པ་དག་གཙང་སེལ་མ་བྱས་པའམ་ཡང་ན་བདེ་འཇགས་ཀྱི་བྱེད་ཐབས་མ་སྤྱོད་གོང་ཚ་ལ་རྒྱག་མི་ཆོག
9.ཉེ་འགྲམ་དུ་མེ་སྤྱོད་མི་ཆོག་པའི་སྐབས་སུ་ཚ་ལ་རྒྱག་མི་ཆོག
10.ཕྱིའི་ཚན་པ་དང་འབྲེལ་མཚམས་ཀྱི་ཉེན་ཁའི་གནས་ཚུལ་གསལ་པོ་མ་ཤེས་པའམ་ཡང་ན་ཉེན་ཁ་ཡོད་པ་ཤེས་ཀྱང་ནུས་ལྡན་གྱི་བདེ་འཇགས་བྱེད་ཐབས་མ་སྤྱད་གོང་ཚ་ལ་རྒྱག་མི་ཆོག
གཉིས། མེ་སྤྱོད་སྐབས་ཡིད་གཟབ་བྱེད་དགོས་པའི་བདེ་འཇགས་ཀྱི་དོན་ཚན།
1.བདེ་འཇགས་འགན་འཁྲིའི་ལམ་ལུགས་རིམ་པ་ལྟར་དོན་འཁྱོལ་བྱེད་དགོས། ཨར་ལས་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ནན་པོ་བྱེད་པ་དང་། བདེ་འཇགས་འགན་འཁྲིའི་ལམ་ལུགས་རིམ་པ་ལྟར་དོན་འཁྱོལ་བྱེད་པ། མི་སྣའི་ལས་བགོས་ཁ་གསལ་བཟོ་བ། ལས་ཡུལ་གྱི་ལས་དོན་མི་སྣར་ཞིབ་བཤེར་ནན་པོ་བཅས་བྱས་ནས་བདེ་འཇགས་བྱེད་ཐབས་ཀྱི་འགག་སྒོ་ནན་པོ་སྲུང་དགོས།
2.ཚོང་གཉེར་བྱ་ཡུལ་དུ་ཚ་ལ་རྒྱག་མི་ཆོག ཚོང་གཉེར་དང་མི་སྣ་འདུ་འཛོམས་ཆེ་སར་ཚ་ལ་རྒྱག་མི་ཆོག
3.ཚ་ལ་རྒྱག་མཁན་ལ་ལས་ཐོགས་ལག་ཁྱེར་ཡོད་དགོས། ཨར་ལས་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱིས་གསོ་སྦྱོང་བྱས་པ་དང་ཡིག་རྒྱུགས་ལོན་པའི་ཚ་ལ་རྒྱག་མཁན་སྤྱོད་དགོས་པ་དང་། ཚ་ལ་རྒྱག་སྐབས་དམིགས་བསལ་ལས་རིགས་ཀྱི་བཀོལ་སྤྱོད་ལག་ཁྱེར་ཡོད་མཁན་སྤྱོད་དགོས།
4.ཚ་ལ་མ་བརྒྱབ་གོང་འབར་སླ་བའི་དངོས་པོ་གཙང་མ་བཟོ་དགོས། ཚ་ལ་མ་བརྒྱབ་གོང་ཉེ་འཁོར་གྱི་འབར་སླ་བའི་དངོས་པོ་བདེ་འཇགས་ཡོད་སར་སྤོ་དགོས་པ་དང་སྤོ་མི་ཐུབ་པ་རྣམས་ལ་ཁེབས་གཡོག་དགོས།
5.ཚ་ལ་རྒྱག་སྐབས་མེ་ཟོན་སྒྲིག་ཆས་གྲ་སྒྲིག་བྱེད་དགོས། ཚ་ལ་རྒྱག་སྐབས་མེ་ཟོན་སྒྲིག་ཆས་གྲ་སྒྲིག་བྱེད་དགོས་ལ་ལྟ་སྲུང་བ་ཡང་བཀོད་སྒྲིག་བྱེད་དགོས།
6.ཚ་ལ་བརྒྱབ་ཚར་རྗེས་མེ་སྟག་ཡོངས་སུ་གསོད་དགོས། ཚ་ལ་བརྒྱབ་ཚར་རྗེས་མེ་སྟག་ཡོངས་གསོད་པའམ་ཡང་ན་ཚ་ལ་རྒྱག་ས་གཙང་མ་བཟོ་བ་དང་ཆབས་ཅིག་ལྟ་སྲུང་ཡག་པོ་བྱས་ནས་ཉེན་ཁ་མེད་ན་གཞི་ནས་བྲལ་ཏེ་མེ་སྐྱོན་གྱི་གནས་ཚུལ་མི་ཐོན་པར་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)