དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཐེངས་56པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-24

    ཟླ་4ཚེས་22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཐེངས་56པ་ཡིན་པ་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ཕྱོགས་མང་པོའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ“སའི་གོ་ལར་གཅེས་སྤྲས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལྷ་སར་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་པས“ཚན་རིག་ཁྱབ་གདལ་དང་། མཉམ་འགུལ། ཁྲིམས་སྐྱོང་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་མང་ཚོགས་ལ་སའི་གོ་ལའི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ་དང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ། མང་ཚོགས་ལ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བཅས་བྱས་པས། གྲོང་མི་མི་ཉུང་བ་ཞིག་གིས་འགྲོ་མཚམས་བཞག་ནས་ཉན་ཡོད་པ་རེད། ལྷག་པར་དུ“སའི་གོ་ལའི་ཤེས་བྱའི་འདྲི་བ་དྲིས་ལན”གྱི་བྱ་དགའ་ཡོད་པའི་མཉམ་འགུལ་ལྷུ་ཚིགས་དེ་ས་གནས་ས་ཐོག་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་བ་དང་། འདྲི་བ་དྲིས་ལན་གྱི་ནང་དོན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་དང་ཐོན་ཁུངས་སྲུང་སྐྱོང་སོགས་སྐོར་ཡིན་པས་གྲོང་མི་མི་ཉུང་བ་ཞིག་དེའི་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    ད་ཐེངས་ཀྱི་བྱེད་སྒོར་ཁྱོན་བསྡོམས་དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་དང་དྲན་རྟེན་དངོས་པོ་1000ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།