དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོའི་བྱེད་སྒོ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-23

    2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོར་རྟེན་འབྲེལ་ཞུ་ཆེད། “དོན་བྲིས་རི་མོ་དང་ཀྲུང་གོའི་ཡི་གེའི་མཛེས་ཉམས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་རིག་གནས་ཉམས་ལེན་བྱེད་སྒོ་ཚེས་17ཉིན་ཧྥ་རན་སེའི་ཕ་རི་སིར་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྲུང་གོ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་སློབ་གསོ་པུའུ་ཀྲུང་ཕྱིའི་སྐད་ཡིག་སྤེལ་རེས་མཉམ་ལས་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙུའུ་ལའེ་དང་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ཆུས་ཤིན་སོགས་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀ་པོན་གྱི་ཕོ་ཉ་ཚོགས་པའི་འཐུས་མི་ལཱ་ཤེར·ཨན་ཉི་ཁེས་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས་ད་ཐེངས་ཀྱི་བྱེད་སྒོ་ཧ་ཅང་ངོ་མཚར་ཆེ་བ་མ་ཟད། ཀྲུང་གོའི་རིག་གནས་ཀྱི་ཉམས་འགྱུར་མངོན་ཡོད། སྐད་ཡིག་ཡོད་དོ་ཅོག་དང་འདྲ་བར་རྒྱ་ཡིག་ནི་ལོ་རྒྱུས་ཤིག་དང་མི་རིགས་ཤིག་གི་ཐོབ་ཐང་ཞིག་ཡིན་པས་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད”ཅེས་བརྗོད།

    2010ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཚིགས་ཉེར་བཞི་ཡི་གྲས་ཡིན་པའི“འབྲུ་ཆར”ཉིན་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཉིན་མོར་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།