དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི་གཞོན་ནུ་ལོ་ཆུང་གི་མཛའ་གྲོགས་གླིང”ཞེས་པའི་ཤིང་འཛུགས་བྱེད་སྒོ་པེ་ཅིང་དུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-23

    ཚེས་20ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཨུ་ཡོན་ལྷན་ཁང་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའུ། ཀྲུང་གོ་རྒྱལ་ཡོངས་སྔོ་འགྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི་གཞོན་ནུ་ལོ་ཆུང་གི་མཛའ་གྲོགས་གླིང”ཞེས་པའི་ཤིང་འཛུགས་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེ་མོ་ཡེར་མེ་ཁེ་པཱ་ཡེ་ཧྥུའུ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དོ་མཉམ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་བཅས་དར་སྤེལ་བཏང་དང་གཏོང་མུས་རེད། གཞོན་ནུ་ལོ་ཆུང་ཚོ་དེ་རིང་རང་ཉིད་ཀྱིས་བཏབ་པའི་སྡོང་ཕྲུག་དང་མཉམ་དུ་འཚར་ལོངས་བྱུང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་འབྱུང་འགྱུར་ལ་ཞུགས་མཁན་དུ་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།