དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གསར་བརྗེའི་ཞིང་ས་གཤིན་པོ་ནས་དུས་རབས་ཀྱི་མདུན་སྐྱོད་སྙན་དབྱངས་དཀྲོལ།

    —— ཆབ་མདོ་གྲོང་ཁྱེར་གྱིས“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    འདི་ནི་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་སྟེང་ཆེན་གྲོང་ཚོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་སྨར་ཁམས་རྫོང་འབུམ་པ་ཤང་འབུམ་སྨད་གྲོང་ཚོའི་དེང་རབས་ཐོན་སྐྱེད་ལག་རྩལ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་རྔ་ཡུལ་གྲོང་ཚོའི་བླུག་འཁོར་གཏོང་ནུས་འགྲན་བསྡུར་བྱ་ཡུལ་ཡིན་པ།

    2024ལོའི་ཟླ་12ཚེས་30ཉིན་ཆབ་མདོ་གྲོང་ཁྱེར་གྱི“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཚུན། རྣམ་པ་གསར་གཏོད་ཀྱི་འགྲན་བསྡུར་དང་སྤེལ་རེས་ཀྱི་བྱེད་སྒོ་ཁག་གསར་བརྗེའི་ཞིང་ས་གཤིན་པོ་འདིའི་ཐོག་ཚ་ཚ་འུར་འུར་ངང་སྤེལ་ཞིང་། གྲོང་ཁྱེར་ནས་རྫོང་བར་དང་ཤང་ནས་གྲོང་ཚོའི་བར་གང་སར་འབད་འབུངས་ཡར་བརྩོན་གྱི་རྣམ་པ་ཟབ་མོས་ཁེངས་ཡོད།

    གསར་བརྗེའི་ས་བོན་ལ་བརྟེན་ནས་སྙིང་སྟོབས་རྒྱུན་འཛིན་དང་རིག་གནས་ཀྱི་བློ་སྦྱོང་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་བསྒྲིལ་བ།

    1950ལོར་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པས་ཆབ་མདོར་གངས་ལྗོངས་ས་མཐོའི་སྐར་ལྔའི་དར་དམར་ཐོག་མ་དེ་བསྒྲེངས་པ་ནས་བཟུང་གསར་བརྗེའི་ས་བོན་ཞིང་ས་འདིའི་ཐོག་རྩ་བ་བརྟན་པོ་ཚུགས་ཡོད། མང་ཚོགས་ཀྱིས་དགའ་ཤོས་བྱེད་པ་དང་ཆེས་ཐད་ཀར་གྱི་བྱ་ཐབས་ཐོག་ནས་མང་ཚོགས་སྐུལ་སློང་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བཅས་གཞི་རིམ་གྱི་འཐབ་ས་དང་པོ་དང་ཞིང་འབྲོག་མང་ཚོགས་ཁྲོད་དྲིལ་བསྒྲགས་ཏན་ཏིག་བྱ་ཆེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་སུ“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

    ད་ཆ“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོའི་དུང་བརྡ་བཏང་ཟིན་ནས་ཆབ་མདོའི་ས་ཕྱོགས་གང་སར་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་ཞིག་མངོན་པ་དང་མང་ཚོགས་ཀྱིས་ཀྱང་དང་ལེན་ཞུས་ཏེ་དེའི་ནང་ཧུར་ཐག་ཞུགས་བཞིན་ཡོད།

    དཔལ་འབར་རྫོང་དུ་ཞོགས་པའི་ཉི་ཟེར་འཕྲོས་མ་ཐག དང་བླངས་པའི་དྲིལ་བསྒྲགས་རུ་ཁག་གིས“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཅེས་ཁ་བྱང་དུ་བཀོད་པའི་དྲིལ་བསྒྲགས་ལག་དེབ་འཁྱེར་ནས་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་བཞིན་འདུག ཁོང་ཚོས་གཞི་རིམ་དུ་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆ་དང་ཕུན་སུམ་ཚོགས་པའི་རྣམ་པར་བརྟེན་ནས《ཤེས་ཐུབ་དགོས་ངེས》ཀྱི་བོད་རྒྱ་ཤན་སྦྱར་ལག་དེབ་ཀྱི་ནང་དོན་དེ་གོ་བདེ་ཤེས་སླའི་སྐད་ཆས་རྒྱ་ཆེའི་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་པ་དང་། “དར་རྒྱས་མདུན་སྐྱོད”ཀྱི་ས་བོན་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ནས་མང་ཚོགས་ཀྱི་ཤེས་ཚད་དང་དེའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་གང་ཐུབ་བྱས་ཡོད།

    སྟེང་ཆེན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ས་ཚིགས་དང་སུའོ)ཁག་ཏུ་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ལ་བཀྲག་མདངས་འཚེར་བཞིན་ཡོད་པ་རེད། གྲོང་སྡོད་ལས་དོན་རུ་མིས་རྩམ་པའི་རིན་གོང་ཐོག་ནས་དམངས་འཚོའི་འགན་སྲུང་སྐོར་གླེང་བ་དང་དབྱར་རྩྭ་དགུན་འབུའི་ཐོན་ཚད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་སྐོར་གླེང་སྐབས། ལྐོག་གྱུར་གྱི་རིགས་པའི་གཞུང་ལུགས་དེ་དག་གསོན་ཉམས་དོད་པར་གྱུར། མང་ཚོགས་ཀྱིས་ཉན་འདོད་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱེད་སྟངས་རབ་དང་རིམ་པ་ལས་འབྲེལ་ཡོད་ཤེས་བྱ་སྐལ་བཟང་མེ་ཏོག་བཞིན་མང་ཚོགས་ཀྱི་སེམས་སུ་བརྟན་པོ་ངེས་ཡོད།

    འགྲན་བསྡུར་ལ་བརྟེན་ནས་ལག་རྩལ་ངོམ་པར་སྐུལ་འདེད་བཏང་བ་དང་དར་རྒྱས་ལམ་བུར་རྣམ་པ་གསར་པ་མངོན་པ།

    “གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོ་ནི་གསར་བརྗེའི་རིག་གནས་ཀྱི་དགའ་སྟོན་ཞིག་ཡིན་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད། བྱེད་སྒོ་དེར་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་རིག་གནས་བྱེད་སྒོའི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། རྩལ་ནུས་གསོ་སྦྱོང་འགྲན་བསྡུར། རིག་གནས་སྔོག་འདོན་རྒྱུན་འཛིན་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག གཏམ་རྒྱུད་གྱེར་འདོན། གླུ་གར། པར་རྒྱག་དང་བརྙན་ཐུང་། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ལག་རྩལ། དེང་རབས་ཐོན་སྐྱེད་ལག་རྩལ་བཅས་ནང་དོན་ཆེན་པོ་བདུན་ཚུད་པའི་འགྲན་བསྡུར་ཁག་33གཉེར་བ་རེད།

    སྨར་ཁམས་རྫོང་དུ་རྣམ་པ་གསར་གཏོད་ཀྱི་སྲོལ་རྒྱུན་ལག་རྩལ་འགྲན་བསྡུར་རེ་རེ་འཁྲུག་ཆ་དོད་པོས་སྤེལ་བཞིན་ཡོད་ཅིང་། བོད་ཆས་འཚེམ་བཟོ་དང་། རྐོ་གྲིས་འབྲུག་ཁྱུང་རྐོ་བའི་སྒྱུ་རྩལ། འོ་དྲི་འཚུབ་འཚུབ་ཀྱི་མར་འདོན་པ་སོགས་ལོ་ངོ་སྟོང་གི་བློ་རིག་ལྡན་པའི་ལག་རྩལ་དེ་དག་འགྲན་རའི་ཐོག་གསོན་ཤུགས་གསར་པ་རྒྱས་ཡོད། འགྲན་བསྡུར་གྱིས་ལག་རྩལ་རྒྱུན་འཛིན་བྱེད་པའི་སློབ་ཚན་འཁྲིད་པ་མ་ཟད། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་འཚོ་བ་འབྲེལ་མཐུད་དམ་ཟབ་ཐུབ་པའང་བྱས་ཡོད།

    ལྷོ་རོང་རྫོང་དུ“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོས་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་ཡོད། གྲོང་ཚོའི(གྲོང་ལྷན)གྲ་སྒྲིག་འགྲན་བསྡུར་ནས་ཤང་དང་གྲོང་རྡལ་གྱི་ཐོག་མའི་འགྲན་བསྡུར་བར་དམངས་ཡོངས་ཞུགས་པའི་ལག་ལེན་སློབ་ཚན་བཏོད་ནས་ལས་བྱེད་པ་དང་མང་ཚོགས་ཀྱི“ཟུངས་མདངས་ཉམས་གསུམ”འཕེལ་བར་བྱས་ཡོད། ཤང་དང་གྲོང་རྡལ་ཁག་གི་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་ཆེན་པོ་དང་དཔའ་ངར་ཆེར་སྐྱེད་ཀྱིས་གར་སྟེགས་ཐོག་འགྲན་བསྡུར་བྱས་ཤིང་། དེའི་ནང་སྲིད་ཇུས་ཤེས་བྱའི་འགྲན་སྟེགས་ཀྱི་བཤེར་རྩོད་ཡོད་ལ། ངལ་རྩོལ་རྩལ་ནུས་འགྲན་བསྡུར་ཁྲོད་ཀྱི་རྔུལ་ཆུ་ཡང་ཡོད་པས། ཏང་དང་མང་ཚོགས་དབར་གྱི་སེམས་འབྲེལ་ཟམ་པ་དེ་མཉམ་འགུལ་ཁྲོད་སྔར་བས་བརྟན་དུ་སོང་ཡོད།

    རྒྱང་ལམ་གསར་པར་ཤུགས་སྒྲིལ་མདུན་སྐྱོད་དང་གསར་བརྗེའི་ཆབ་མདོའི་ལེའུ་གསར་བཏོད་པ།

    “གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོ་ནི་རིག་གནས་ཀྱི་དགའ་སྟོན་ཞིག་ཡིན་པ་མ་ཟད། སེམས་ནུས་གཅིག་སྒྲིལ་གྱི་བརྒྱུད་རིམ་ཞིག་དེ་བས་ཀྱང་རེད། “གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་ཏང་གི་དམིགས་བསལ་ལེགས་ཆ་གང་ལེགས་འདོན་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་མཐའ་གཅིག་ཏུ་ཡག་པོ་འདོན་པ། གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་མཁར་རྫོང་བརྟན་པོ་ཞིག་ཏུ་དངོས་འབྲེལ་སྐྲུན་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཡུལ་ཕྱོགས་གཅིག་གིས་གཟི་བརྗིད་བརྩོན་ལེན་བྱས་པ་དེ་སྤྱི་ཡོངས་ལ་གཟི་བརྗིད་སྣོན་པ་དང་གཉིས་སུ་མ་མཆིས།

    བྱེད་སྒོ་སྤེལ་ཚུན། ཆབ་མདོའི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཐེབས་ཡོད། བྱེད་སྒོ་སྤེལ་བ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། གཞི་རིམ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པའང་འདོན་སྤེལ་གང་ལེགས་ཐུབ་ཡོད། ཁོང་ཚོས་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་དང་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བའི་ལས་ཀ་བྱེད་སྟངས་འདིས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་ཕྱིན་པ་མ་ཟད། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་ཡང་ཐུབ་ཡོད།

    ད་ཆ“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”

    བྱེད་སྒོ་དེ་ཆབ་མདོ་གྲོང་ཁྱེར་གྱི་བཀྲག་དམངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། དེས་ཆབ་མདོ་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ་མ་ཟད། ཆབ་མདོ་གྲོང་ཁྱེར་མི་དམངས་ཀྱི་ཤུགས་སྐྱེད་སྟོབས་སྤེལ་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཡང་དེ་བས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།