ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་གིས།
མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་ཟབ་ཏུ་བཏང་བ།
ཉིན་ཤས་བསྟུད་མར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བྱས་ཏེ། བྱ་ཐབས་མང་པོ་མཉམ་དུ་སྤྱད་ནས་ཤང་ཡོངས་སུ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་སྦྲགས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་ང་ཚོས་མཉམ་དུ་གཏོད”པའི་དུས་རབས་ཀྱི་འབོད་སྒྲ་གྲགས་པ་རེད།
“རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ་དང་། ལོ་རྒྱུས་རྒྱུན་འཛིན། རིག་གནས་ཀྱི་མོས་སེམས། ཁྲིམས་སྐྱོང་འགན་སྲུང་། ལག་ལེན་གསར་གཏོད། འགན་འཁྲི་འགན་འཁུར”བཅས་ཕྱོགས་དྲུག་གི་ནང་དོན་ལ་དམིགས་ནས། གྱོད་གཞི་དབྱེ་ཞིབ་དང་མཉམ་འགུལ་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད། “མི་སེར་གྱི་སྐད་ཆ་ནས་ཁྱིམ་ཚང་དང་རྒྱལ་དོན་གླེང་བའི”སྒྲོག་འགྲེལ་པའི་ནུས་པ་སྦྱོང་བརྡར་བྱས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་སེམས་ལ་འཇགས་པར་སྐུལ་འདེད་བཏང་བ་མ་ཟད། “གཞི་རིམ་གྱི་སྒྲོག་འགྲེལ་ཚོགས་པ”དང“ཁྱིམ་ཚང་གི་སློབ་ཚན”སྒྲིག་འཛུགས་བྱས་ནས་རྒྱ་ཡིག་དང་བོད་ཡིག་མཉམ་སྤྱོད་ཀྱིས་དྲིལ་བསྒྲགས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཡོད།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གོ་སྐབས་སུ་བྱས་ནས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། གསོན་ཉམས་དོད་པོས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པ་རེད།
“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོའི་ལས་སྟེགས་ལ་བརྟེན་ནས། ས་གནས་ཀྱི་རིག་གནས་ཐོན་ཁུངས་གཏིང་ཟབ་སྤྱོད་པ་དང་། དམངས་སྲོལ་རིག་གནས་དུས་ཆེན་གཞི་རྟེན་དུ་བྱེད་པ། སྲོལ་རྒྱུན་གླུ་གར་འཁྲབ་སྟོན་དང་། ལག་ཤེས་བཟོ་རྩལ་འགྲེམས་སྟོན། ཞིམ་ཟས་མྱོང་རོལ་སོགས་ཀྱི་རྣམ་པ་བརྒྱུད། མི་རིགས་མཐུན་སྒྲིལ་གྱི་གཞི་རྒྱུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དུས་སྟོན་དང་ཟུང་འབྲེལ་བྱས་ཏེ། རིག་གནས་ཀྱི་མོས་སེམས་དེ་མི་སེམས་གཅིག་སྒྲིལ་གྱི་འབྲེལ་ཐག་ཏུ་འགྱུར་བར་བྱས་པ་རེད།
དམངས་འཚོ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “མི་རིགས་མཐུན་སྒྲིལ་གྱི་ལས་གནས”དང“ཡུལ་སྐོར་དཔེ་སྟོན་གྱི་ལས་གནས”ཀྱི་ཞབས་ཞུའི་སྐར་ཁུང་གཉིས་བཙུགས་ཏེ། “སེམས་ནུས་གཅིག་སྒྲིལ”གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་རོགས་རམ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་དཀའ་གནད་ཐག་གཅོད་བཅས་བྱས་ནས། དམངས་ཕན་གྱི་བྱེད་ཐབས་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི“སེམས་སྦྲེལ་ཟམ་པ”བསྐྲུན་པ་རེད།