དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་གར་པ་གྲོང་ཚོའི་འགྱུར་ལྡོག་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    ཉེ་བའི་ལོ་ཤས་རིང་། གར་པ་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། མང་ཚོགས་ཀྱི་དགོས་མཁོ་གཞི་རིམ་ཏང་རྩ་འཛུགས་ལས་དོན་གྱི་ཁ་ཕྱོགས་སུ་བརྩིས་ནས་བྱེད་ཐབས་དངོས་བཏོན་པ་དང་བྱ་བ་དངོས་བསྒྲུབས་པས་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    སྔོན་ཆད་ཀྱི་གར་པ་གྲོང་ཚོའི་གློག་ཤུགས་སྒྲིག་བཀོད་རྙིང་ལ་གློག་ཤིང་གང་བྱུང་དུ་བཙུགས་པ་དེས་གྲོང་མིའི་འཚོ་བར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཟོས་པ་དང་ཆབས་ཅིག གྲོང་ཚོའི་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་ཡོད། བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད། གྲོང་ཚོའི་ཏང་ཀྲི་པུས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ“ཏང་འཛུགས་སྐྱོང་དང་གློག་ཤུགས་དམངས་ཕན་ཟུང་དུ་འབྲེལ་རྒྱུ”འགོ་འཛུགས་སར་བྱས་ནས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་དང་མཉམ་དུ་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཡོད། སྒྱུར་བཀོད་བྱས་རྗེས་ཀྱི་གློག་དྲ་བདེ་འཇགས་ཡོད་པའི་ཁར་བློས་འགེལ་ཆོག་པ་དང་གློག་རིན་རིག་ནུས་རྩིས་རྒྱག་ཐུབ་པ་བྱུང་ཡོད། འགྲོ་ལམ་བཟུང་བའི་གློག་ཤིང་55སྤོས་པ་དང་། སྨི་5000གི་གློག་སྐུད་ལེགས་སྒྲིག རིག་ནུས་གློག་གི་ཆུ་ཚོད་1255མང་དུ་བཏང་བ། གློག་སྒྱུར་ཆས་6སྒྱུར་བཀོད་བཅས་ལེགས་སྒྲུབ་བྱས་པས་གྲོང་མིའི་འགྲོ་སྐྱོད་དང་གློག་སྤྱོད་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།

    སྔོན་ཆད་གྲོང་མིས་མྱུར་སྐྱེལ་བསྐུར་མ་ལེན་པར་གྲོང་ཁུལ་དུ་འགྲོ་དགོས་པས་ལམ་ཐག་རིང་ལ་དུས་ཚོད་མང་པོ་འགོར་གྱི་ཡོད་པས། གྲོང་ཚོའི་ཏང་ཀྲི་པུས་མྱུར་སྐྱེལ་ཀུང་སི་9དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་གྲོང་ཚོ་ཨུ་ལྷན་གྱི་བེད་མེད་ས་སྟོང་སྤྱད་དེ་ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་ཆུ་ཚོད་24ཡི་རིག་ནུས་མྱུར་སྐྱེལ་ཞབས་ཞུའི་ས་ཚིགས་ཐོག་མ་དེ་བཙུགས་ཡོད། རྒན་རྒོན་ཚོས་རིག་ནུས་མྱུར་སྐྱེལ་ལེན་པར་རོགས་རམ་བྱ་ཆེད། ན་གཞོན་སྤྱི་ཚོགས་ལས་དོན་པ་སྒྲིག་འཛུགས་ཀྱིས“མྱུར་སྐྱེལ་དང་བླངས་ཞབས་ཞུ་རུ་ཁག”བཙུགས་ནས་མཛུབ་ཁྲིད་བྱས་ཤིང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་ལྔ་པར་གྲོང་མིས་དྲ་ཐོག་ནས་ཉོས་པའི་ཚོང་ཟོག་ཐད་ཀར་ཁྱིམ་གྱི་སྒོ་འགྲམ་དུ་སྐྱེལ་ཐུབ་རྒྱུ་རེད།

    གར་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཕུར་སྒྲོན་གྱིས། མི་སེར་གྱི་དོན་དག་ཆུང་ཙག་ཀྱང་དོན་ཆེན་ཡིན་པས། མང་ཚོགས་གཙོ་བོར་བཟུང་ནས་བྱ་བ་དངོས་ལེགས་པར་བསྒྲུབས་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་ཐུབ་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།